ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༥/༡༨

བྲག་མགོའི་ནང་བོད་མིའི་ཞི་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་པའི་རྗེས་མི་བཅུ་གར་སོང་ཆ་མེད་དུ་གྱུར་བ།


ཁ་སྔོན་སྤྱི་ཟླ་དང་པོར་བོད་ས་ཁམས་བྲག་མགོའི་ནང་ བོད་མི་བརྒྱ་ཕྲག་མང་པོ་འདུས་ཏེ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་སྐད་འབོད་བྱེད་པའི་སྐབས་ རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བྱེད་མཁན་བོད་མིའི་ཁྲོད་དུ་མེ་མདའ་གང་བྱུང་དུ་བརྒྱབས་ཏེ་ མི་ལ་ཤི་རྨས་ཀྱི་གནས་ཚུལ་ཚབས་ཆེ་བྱུང་བ་མ་ཟད་ ད་དུང་མང་པོ་ཞིག་སྐབས་དེ་རང་དང་ དེའི་རྗེས་བཅས་སུ་འཇུ་བཟུང་བྱས་ཡོད་ཅིང་ འཇུ་བཟུང་བྱས་པ་དེ་དག་གི་ཁོངས་ནས་མི་བཅུ་ད་ལྟ་གང་དུ་ཡོད་མེད་སུས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད་པའི་སྐོར་ གནས་ཚུལ་ཐོན་པ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG