ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཉིན་༡༠་རིང་གི་བོད་རང་བཙན་གོམ་བགྲོད་མཇུག་སྒྲིལ།


༄༅།། ཨ་མི་རི་ཀའི་མངའ་སྡེ་ཁག་ནས་འདུས་པའི་བོད་པ་ཁག་ཅིག་གིས་འདི་ཟླའི་ཚེས་༢༣་ཉིན་ཧྥི་ལ་ཌལ་ཧྥི་ཡ་གྲོང་ཁྱེར་ནས་ཉིན་བཅུའི་བོད་རང་བཙན་གྱི་གོམ་བགྲོད་ལས་འགུལ་ཞིག་མགོ་བརྩམས། མཐར་ཕྱི་ཟླ་༦་པའི་ཚེས་༡་སྟེ། རེས་གཟའ་མིག་དམར་ཉིན་བོད་རང་བཙན་གོམ་བགྲོད་ལས་འགུལ་བ་རྣམས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་འབྱོར་ཏེ་གྲོས་ཚོགས་ཀྱི་མདུན་ཐང་ཆེན་མོར་ཐེངས་འདིའི་ལས་འགུལ་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་པའི་གཏམ་བཤད་ཁག་བྱས་ཏེ་རེ་ཞིག་ལས་འགུལ་མཇུག་སྒྲིལ་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་གིས་འབྲེལ་ཡོད་གོམ་བགྲོད་པ་ཁག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG