ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་ངོ་རྒོལ་བ་ཚོ་ཐེ་ཝན་ལ་བཙན་བྱོལ་དུ་འགྲོ་རྒྱུ།


ཐེ་ཝན་མི་མང་གིས་ཐེ་པེ་མེ་འཁོར་འབབ་ཚིགས་སུ་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་གྱི་འདུ་འཛོམས་བྱས་པ། ༢༠༢༠།༥།༢༣
ཐེ་ཝན་མི་མང་གིས་ཐེ་པེ་མེ་འཁོར་འབབ་ཚིགས་སུ་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་གྱི་འདུ་འཛོམས་བྱས་པ། ༢༠༢༠།༥།༢༣

རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་སྐབས་འདིར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་མང་པོ་ཞིག་ཐེ་ཝན་ལ་བཙན་བྱོལ་དུ་འགྲོ་བཞིན་ཡོད་པས་ཐེ་ཝན་གཞུང་གིས་ཧོང་ཀོང་ནས་འབྱོར་རྒྱུ་ཡིན་པའི་ངོ་རྒོལ་བ་ཚོར་སྣེ་ལེན་ཞུ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཐེ་ཝན་གཞུང་ལ་སྐྱབས་བཅོལ་བ་སྟོང་ཕྲག་མང་པོར་སྣེ་ལེན་དང་ལྟ་རྟོག་བྱས་པའི་ཉམས་མྱོངདབེན ྷག་པར་དུ་ཧོང་ཀོང་གི་སྐྱབས་བཅོལ་བའི་གྲས་སུ་རྒྱ་ནག་གི་གསང་ཉུལ་ཡོད་སྲིད་པ་འགོག་ཐབས་བྱ་རྒྱུ་ནི་དེ་བས་ཀྱང་དཀའ་ངལ་ཆེན་པོ་ཞིག་ལ་གྱུར་འདུག ན་ནིང་ཕྱི་ཟླ་༦་ནས་ཧོང་ཀོང་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པར་ཐེ་ཝན་གཞུང་དམངས་གཉིས་ཀའི་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཐོབ། འདས་པའི་ལོ་གཅིག་ཡས་མས་ཤིག་གི་རིང་དུ་ཧོང་ཀོང་བ་མང་པོ་ཞིག་ཐེ་ཝན་ལ་སྐྱབས་བཅོལ་དུ་འབྱོར་ཟིན་ཡོད་ཀྱང་ད་དུང་ཡང་ཧོང་ཀོང་བ་སྟོང་ཕྲག་མང་པོ་ཐེ་ཝན་ལ་བཙན་བྱོལ་དུ་གྲོ་རྒྱུའི་རྟགས་མཚན་ཡོད་པ་རེད།།

སྲིད་འཛིན་ཚེ་དབྱིན་ཝེན་གྱི་ངོ་དེབ་ལས།
སྲིད་འཛིན་ཚེ་དབྱིན་ཝེན་གྱི་ངོ་དེབ་ལས།

ཟླ་སྔོན་མར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་ཡོད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་ཐོབ་ཐང་རྣམས་མེད་པར་གཏོང་གི་འདུག པེ་ཅིང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་པ་ནི་ཧོང་ཀོང་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་གཏོང་ཐབས་ཤིག་རེད་ཅེས་བསྒྲགས། ཐེ་ཝན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་ཧོང་ཀོང་བ་ཚོའི་བདེ་སྡུག་ལ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཐུགས་ཁུར་ཆེན་པོ་བཞེས་ཀྱི་འདུག ཐེ་ཝན་གཞུང་གིས་ཧོང་ཀོང་ནས་འབྱོར་རྒྱུ་ཡིན་པའིབཙན་བྱོལ་བ་ཚོར་ལྟ་རྟོག་བྱ་རྒྱུའི་རོགས་དངུལ་ཟུར་འཇོག་བྱས་ཡོད། ཧོང་ཀོང་བ་ཚོ་རྒྱ་ནག་སྐམ་ས་ཆེན་མོར་ཡིད་ཆེས་མེད་པ་ལྟར་ཐེ་ཝན་ནི་ལོ་བཅུ་ཕྲག་མང་པོའི་སྔོན་ནས་རྒྱ་ནག་ལ་ཡིད་ཆེས་མེད། ང་ཚོས་ཧོང་ཀོང་ནསསྐྱབས་བཅོལ་བ་འབྱོར་རྒྱུ་ཡིན་པ་དེར་མི་ཆོས་འཚོ་མཐུན་གྱི་ངལ་སེལ་རོགས་སྐྱོབ་ཇི་ལྟར་བྱ་དགོས་མིན་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་ལ་དམ་དྲག་ཅི་ཡང་བྱེད་ཀྱི་མེད། ཚེ་དབྱིན་ཝེན་གྱིས་ཧོང་ཀོང་བ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད་ཅེས་ཁ་རྡུང་བཏང་འདུག

ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་གཞན་ཞིག་གིས་ཀྱང་ང་ཚོས་ཧོང་ཀོང་ནས་བཙན་བྱོལ་དུ་འབྱོར་བ་ཚོར་ཟླ་བ་རེར་འཚོ་དོད་དངུལ་སྒོར་དང་ཁང་གླ་སྤྲོད་རྩིས་ཡོད། ཁང་པ་གླ་རྒྱུ་མ་རག་པ་ཚོར་ཐེ་ཝན་གཞུང་གིས་སྡོད་གནས་གོ་སྒྲིག་བྱ་རྩིས་ཡོད། ད་སྔ་ཧོང་ཀོང་ནས་མི་ཅི་ཙམ་བཙན་བྱོལ་ལ་འབྱོར་རྒྱུ་ཡིན་མིན་ཚོད་དཔག་ཏག་ཏག་ཅིག་བྱེད་ཐུབ་ཀྱི་མི་འདུག་ཅེས་བཤད། ཡིན་ནའང་ལོ་རབས་༧༠་ནང་དུ་ཝྭི་ཏེ་ནམ་གྱི་ལྷོ་ཕྱོགས་ནས་མི་མང་སྟོང་ཕྲག་མང་པོ་དམར་ཤོག་གི་དབང་སྒྱུར་འོག་ཏུ་ཚུད་འདོད་མེད་པར་ཐེ་ཝན་ལ་བྲོས་བྱོལ་དུ་འབྱོར་བ་དེ་ལས་མང་བ་ཞིག་ཧོང་ཀོང་ནས་འབྱོར་རྒྱུའི་རྩིས་རྒྱག་གི་ཡོད་པ་སྟེ། ད་སྔ་ཧོང་ཀོང་བ་༢༠༠་ལྷག་ཐེ་ཝན་ལ་འབྱོར་ཟིན་ཡོད་པ་དང་ཧོང་ཀོང་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱ་རྒྱུའི་ཐོ་གཞུང་ལ་འཁོད་པ། ཆབ་སྲིད་ཀྱི་གཉའ་གནོན་འཕོག་རྒྱུ་ཡིན་པའི་ཧོང་ཀོང་གི་ངོ་རྒོལ་བ་བརྒྱ་ཆ་༡༠་ལ་ཐེ་ཝན་གཞུང་གིས་མིགས་བསལ་གྱི་ཐོངས་མཆན་སྤྲད་འདུག ཐེ་ཝན་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་སྲིད་པར་སྔོན་འགོག་དམ་པོ་བྱེད་ཀྱི་ཡོད་པས་ཧོང་ཀོང་བ་དེ་དག་གིས་སྐབས་ཤིག་གི་རིང་ལ་སྒུག་དགོས་ཐུག་རྒྱུ་རེད་ཅེས་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱི་འགན་འཛིན་ཧྲི་དབྱི་ཤཱང་གིས་བཤད་འདུག

ཐེ་ཝན་གྱི་མིང་འདོན་མ་བྱས་པའི་གཞུང་འབྲེལ་མི་སྣ་ཞིག་གིས་བཤད་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་༧༠་བ་ནས་ཐེ་ཝན་གཞུང་ལ་སྐྱབས་བཅོལ་བ་བསུ་ལེན་བྱས་པའི་ཉམས་མྱོངམེད་པར་མ་ཟད། ད་ལྟ་ཧོང་ཀོང་གི་སྐྱབས་བཅོལ་བའི་གྲས་སུ་རྒྱ་ནག་གཞུང་གིས་གསང་ཉུལ་གཏོང་སྲིད་པའི་ཉེན་ཁ་ཆེན་པོ་ཡོད། ང་ཚོས་མིའི་རྒྱབ་ལྗོངས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་མཁན་ཆེད་ལས་མཁས་པ་རྣམས་འཚོལ་གྱི་ཡོད། ད་སྔ་ཐེ་ཝན་གཞུང་གིས་ཧོང་ཀོང་ནས་བྲོས་བྱོལ་དུ་ཡོང་མཁན་ཚོར་ལྟ་རྟོག་བྱས་མྱོང་མེད། འདི་ནི་རྦད་དེ་གནད་དོན་གསར་པ་དང་དཀའ་ངལ་གསར་པ་ཞིག་ལ་འགྱུར་རྒྱུ་རེད། ང་ཚོས་ཧོང་ཀོང་ལ་འདི་འདྲ་ཞིག་འབྱུང་རྒྱུ་ཡིན་པ་རྨི་ལམ་དུའང་རྨིས་མྱོང་མེད། ཐེ་ཝན་གཞུང་གིས་ཧོང་ཀོང་གི་བཙན་བྱོལ་བ་ཚོར་ལྟ་རྟོག་བྱ་འཆར་ཡོད་པ་ཡོངས་གྲགས་སུ་བསྒྲགས་མེད་ཅེས་བཤད། ཐེ་ཝན་གྱི་བདེ་འཇགས་ཚན་པ་དང་ཕྱི་མི་གཞིས་ཆགས་ཚན་པའི་ལས་སྣེ་ཚོས་ཧོང་ཀོང་ནས་ཐེ་ཝན་ལ་སློབ་སྦྱོང་བྱེད་དུ་ཡོང་གི་ཡོད་པ་དང་ལས་ཀ་འཚོལ་དུ་ཡོང་གི་ཡོད་པ་དེ་དག་གིཐོངས་མཆན་སྙན་ཞུ་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་ཞིབ་འཇུག ཧོང་ཀོང་བ་དེ་ཚོར་ཐེ་ཝན་གཞུང་གིས་ཐོངས་མཆན་རིགས་གང་འདྲ་ཞིག་སྤྲོད་དགོས་མིན་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱིས་ཧོང་ཀོང་གི་སྐྱབས་བཅོལ་བ་ཚོར་རོགས་ཕན་སྒྲུབ་མཁན་སེམས་ཁམས་རིག་པའི་ཆེད་ལས་པའང་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།།

ཐེ་ཝན་དུ་བཅའ་སྡོད་ནུབ་ཕྱོགས་པའི་ཕྱི་འབྲེལ་མི་སྣ་ཞིག་གིས་བཤད་པ་ལྟར་ན། ཐེ་ཝན་ལ་བཙན་བྱོལ་དུ་ཡོང་གི་ཡོད་པའི་སྐྱབས་བཅོལ་བ་རྣམས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་མཐའ་ལྷུང་ཅན་རྣམས་དང་དབུལ་ཕོངས་ཚོ་ཡིན་རྒྱུ་རེད། ཧོང་ཀོང་བ་གནས་སྟངས་དྲག་གྲས་རྣམས་དབྱིན་ཇི་དང་ཁེ་ན་ཌཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགྲོ་སྲིད་ཅེས་བཤད། ལོ་ན་༢༦་ལ་སོན་པའི་ཧོང་ཀོང་བ་ཊེ་རན་ཊི་ལའོ་ཞེས་པ་ཞིག་ཟླ་བ་༨་ལ་བཙོན་འཇུག་བྱས་པའི་རྗེས་སུ་གློད་གྲོལ་ཐོབ། ཁོ་པས་ང་ཐེ་ཝན་ལ་འགྲོ་རྒྱུ་ཡིན། ཐེ་ཝན་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པ་དང་འཚོ་བའི་འགྲོ་གྲོན་ཡང་ཆེན་པོ་མ་རེད། རྒྱལ་ཁབ་གཞན་ལ་བཙན་བྱོལ་དུ་འགྲོ་མི་ཐུབ་པའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོར་ཐེ་ཝན་མ་གཏོགས་སྐྱབས་བཅོལ་ཞུ་ས་མི་འདུག ངས་ཐེ་ཝན་གྱི་ས་ཐོག་ཏུ་རྒྱུན་ལྡན་གྱི་འཚོ་བ་ཞིག་རོལ་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད། ད་ནི་ངས་རྒྱུན་ལྡན་གྱི་འཚོ་བ་ཞེས་པ་ཅི་ཞིག་ཡིན་མིན་ཡང་བརྗེད་ཟིན་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ཐེ་ཝན་ལ་འབྱོར་ཟིན་པའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཞིག་གིས་གསར་འགོད་པར་ངས་རང་གི་ཕ་མ་དང་བཟའ་མི་རྣམས་སྡུགལ་ྦྱར་པ་དེར་དགོངས་དག་ཞུ་ཡིན། ང་ནམ་ཡང་ཧོང་ཀོང་ལ་ཕྱིར་ལོག་བྱ་རྒྱུ་མིན་ཟེར་གྱི་འདུག་ཅེས་ངའི་ཕ་མ་དང་བཟའ་མི་ཚོར་སྐད་ཅིག་འཕྲོད་ཐབས་བྱོས་ཞེས་གསར་འགོད་པར་རེ་བ་ཞུས། ཁོ་པ་ཐེ་ཝན་གྱི་ཁང་པ་ཞིག་གི་ནང་དུ་ཧོང་ཀོང་བ་བདུན་གྱི་མཉམ་དུ་བསྡད་ཡོད་པ་རྣམས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་ཡོད་པ་རེད།།

ཇཱེཀ་ཆན་ཞེས་པའི་ལོ་ན་༢༠་རྩ་གྲངས་སུ་སོན་པ་ཞིག་ཀྱང་ཐེ་ཝན་ལ་བཙན་བྱོལ་དུ་འབྱོར། ཁོ་པ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་ཏེ་ཉེན་རྟོག་པས་རྩད་གཅོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་མ་ཐག་ཏུ་ཐེ་ཝན་ལ་སྐྱབས་བཅོལ་དུ་བྲོས། ཇཱེཀ་ཆན་གྱིས་ངོ་རྒོལ་ལས་འགུལ་དུས་སུ་ི་ཞིག་བྱས་པ་རྣམས་གསར་འགོད་པར་བཤད་མེད་ཀྱང་དྲག་སྤྱོད་ཀྱི་ངོ་རྒོལ་ལས་འགུལ་ཁག་ལ་རྒྱབ་སྐྱོར་བྱས་པ་ཡིན། ཞི་བའི་ངོ་རྒོལ་ལས་འགུལ་དེ་ཚོར་ནུས་པ་ཐོན་མ་སོངངའི་ཕ་མ་དང་བཟའ་མི་ཚོར་དགོངས་དག་ཞུ་རྒྱུ་ཡིན། ངས་ཁྱེད་ཚོ་སྡུག་ལ་ཅི་ཙམ་སྦྱར་ཀྱང་ང་ལ་གཤེ་གཤེ་ཐེངས་གཅིག་བཏང་མ་སོང་། ཁོང་ཚོས་ངའི་ཆེད་དུ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་རྒྱུ་རེདད་ནས་ལོ་བཅུའི་རྗེས་སུ་ཅི་ཞིག་འབྱུང་རྒྱུ་ཡིན་མིན་བཤད་ཁག་པོ་རེདངས་དེ་འདྲའི་ཕུགས་རྒྱང་རིང་པོར་བསམ་བློ་བཏང་མེདང་ལ་ཅི་ཞིག་བསྒྲུབ་འདོད་ཡོད་པ་རྣམས་བསྒྲུབ་ཐུབ་ཀྱི་མི་འདུག ཐ་ན་ངས་ལས་ཀའང་ལས་ཐུབ་ཀྱི་མི་འདུག་ཅེས་བཤད། དེང་སྐབས་ཇཱེཀ་ཆན་གྱིས་བདུན་ཕྲག་རེར་ཐེ་སྒོར་༣༠༠༠་ཐམ་པ་སྟེ། ཨ་སྒོར་༡༠༠་ཡས་མས་རེའི་གླ་ཕོགས་བླངས་ནས་ལས་རིགས་འདྲ་མིན་ཞིག་གཉེར་གྱི་ཡོད་པ་རེད། ཐེ་ཝན་ལ་འབྱོར་ཟིན་པའི་ཧོང་ཀོང་བ་༢༠༠་ཡས་མས་ཤིག་ཡོད་པ་དེ་རྣམས་ཧོང་ཀོང་གཞུང་གིས་འཛིན་བཟུང་བྱ་དགོས་ཞེས་བཀའ་རྒྱ་བསྒྲགས་པའམ། ཡང་ན་ཁོ་ཚོ་བཙན་བྱོལ་དུ་ཕྱིན་པའི་རྗེས་སུ་ཧོང་ཀོང་གཞུང་གིས་ཉེས་འཛུགས་བྱས་པ་ཤ་སྟག་ཡིན་ཞིང་། ཐེ་ཝན་གཞུང་གིས་མཚོ་གླིང་དེར་འབྱོར་ཟིན་པའི་ཧོང་ཀོང་གི་ངོ་རྒོལ་བ་ཁག་ཅིག་ལ་ལས་ཀ་ལས་ཆོག་པའི་ལག་འཁྱེར་སྤྲད། ཇཱེཀ་ཆན་ལྟ་བུའི་ཧོང་ཀོང་བ་ཁག་ཅིག་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ནས་ཐེ་ཝན་གྱི་ས་ཐོག་ཏུ་བསྡད་འདུག ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཁྲི་ཚོ་མང་པོ་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱང་ཕུད་བཏང་བ་ལྟར་ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་ཧོང་ཀོང་བ་སྟོང་ཕྲག་མང་པོ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེ་ནས་རྒྱང་ཕུད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

XS
SM
MD
LG