ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་ཀྱི་དགོན་སྡེ་ཁག་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ལས་འགུལ།


བོད་ཀྱི་གནས་ཚུལ་འགོད་ཡུལ་རྒྱ་ནག་གི་དྲྭ་རྒྱ་ཞིག་ནང་གནས་ཚུལ་བཀོད་པ་ལྟར་ན། ཚེས་གཅིག་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་དགོན་སྡེའི་དོ་དམ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དོན་ཞིབ་འཇུག་འཛིན་གྲྭ་ཞེས་པ་ཞིག་འགོ་བཙུགས་ཡོད་པ་དང་། དེ་སྟོན་ཁའི་དུས་ཡུན་རིང་རྒྱུན་མཐུད་ནས་འཚོག་གི་ཡོད་པ་རེད། སྐབས་དེར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཡི་དྲུང་ཆེ་དང་འཐབ་ཕྱོགས་གཅིག་ལས་ཁུངས་ཀྱི་འགོ་གཙོ་མགོན་པོ་བཀྲ་ཤིས་ཀྱིས་བོད་ཀྱི་དགོན་སྡེའི་གནད་དོན་འདི་རྙོག་འཛིངས་ཆེ་བའི་དུས་ལ་སླེབས་ཡོད་པའི་སྐད་ཆ་བཤད་པ་དང་། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་དྲ་རྒྱ་ཟེར་བའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། ཁོང་གིས། ཆབ་སྲིད་ཀྱི་འདུ་ཤེས་དང་འགན་ཁྲིའི་འདུ་ཤེས། ཉེན་ཁའི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བརྗོད་དེ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཐོག་ནས་དགོན་སྡེའི་ཐོག་དོ་དམ་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG