ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

ཐེ་ཝན་གྱིས་དམག་ཁྲལ་དུས་ཡུན་རིང་དུ་གཏོང་རྒྱུའི་བསམ་ཞིབ།


༄༅།། ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཆུའུ་གོའོ་ཁྲེན་གྱིས་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ད་ལྟ་མཚོ་གླིང་དེའི་སྤྱི་དམངས་ཚོའི་དམག་ཁྲལ་དུས་ཡུན་ཟླ་བ་བཞི་ཡིན་མོད། འོན་ཀྱང་ཐེ་ཝན་གཞུང་གིས་དམག་ཁྲལ་དུས་ཡུན་རིང་དུ་གཏོང་རྒྱུ་དང་རྒྱ་ནག་གི་དམག་དོན་གནོན་ཤུགས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་བསམ་ཞིབ་དང་བགྲོ་གླེང་བྱེད་ཀྱི་ཡོད་ཅེས་བཀྲལ་འདུག་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ལ་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG