ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཐེ་ཝན་དང་ཨ་རིའི་ཚོང་གྲོས་མོལ།


ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་དམངས་གཙོ་ཚོགས་པའི་འཐུས་མི་རོ་བྷར་ཊི་མེ་ནན་ཌི་ཟི་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། ཁོང་གིས་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་གྲོང་ཁྱེར་དུ་བཅའ་སྡོད་ཨ་མི་རི་ཀའི་ཚོད་དོན་ལྷན་ཁང་དུ་ཨ་རིའི་ཚོང་ལས་ཁག་གི་འགོ་ཁྲིད་ཚོར་གཏམ་བཤད་བྱས་ཏེ། ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཀྱིས་མ་རྩ་འཛུགས་འཇོག་གི་གྲོས་མཐུན་ཞིག་ལ་གྲོས་མོལ་བྱ་དགོས་པ་དང་། ཨ་མི་རི་ཀས་འགོ་ཁྲིད་པའི་ཞི་བདེ་རྒྱ་མཚོའི་ཕ་རོལ་ཚུར་རོལ་གྱི་ཚོང་ལས་མཐུན་ཚོགས་ཁོངས་སུ་ཐེ་ཝན་འཇུག་དགོས་པ་མ་ཟད། ཐེ་ཝན་ལའང་ཨ་མི་རི་ཀར་མ་རྩ་འཛུགས་འདོད་དང་ཚོང་ལས་རྒྱ་སྐྱེད་གཏོང་ཡོད་ཅིང་། ཐེ་ཝན་གྱི་ཕྱིར་ཚོང་རྒྱ་སྐྱེད་དང་དཔལ་འབྱོར་ཡར་རྒྱས་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ལས་དོན་ཁོངས་སུ་འགན་ཁུར་ཆེ་ཙམ་ལེན་དགོས། ངས་ཐེ་ཝན་ཞི་བདེ་རྒྱ་མཚོའི་ཕ་རོལ་ཚུར་རོལ་གྱི་ཚོང་ལས་མཐུན་ཚོགས་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་དེར་ཆ་རྐྱེན་ཡོད་པའི་སྒོ་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG