ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཐེ་ཝན་གྱི་འོས་འདེམས་ལ་རྒྱ་ནག་གིས་ཐེ་ཇུས་དང་གཏོར་བཤིག


ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་འོས་འདེམས་ལས་འགུལ་ལ་ཐེ་ཇུས་བྱེད་བཞིན་པ་ནི་ཉིན་ལྟར་འབྱུང་བཞིན་པའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་ཅིང་། ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ལ་གཏོར་བཤིག་གཏོང་བཞིན་འདུག་ཅེས་གསུངས་ཡོད་པ་རེད། སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཏམ་བཤད་དེ་ནི་༢༠༢༠་ལོའི་འོས་འདེམས་ཆེན་མོའི་ཆེད་དུ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མིའི་ཐོ་འགོད་གནང་བའི་རྗེས་སུ་གསུངས་པ་ཞིག་ཡིན་པར་མ་ཟད། གཟའ་ཉི་མའི་ཉིན་མོར་རྒྱ་ནག་གིས་ཐེ་ཝན་གྱི་མཚོ་གླིང་དང་ཉེ་བར་དམག་གྲུ་འབབ་ཚུགས་ཀྱི་གྲུ་གཟེངས་ཁག་ཆེད་གཏོང་བྱས་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG