ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མ་དབྱིན་ཇུག་བླ་ཆེན་ཕོབ་མཆོག་གི་ཁྲི་སྟོན་མཛད་སྒོར་ཕེབས་འཆར།


ཕྱི་ཟླ་༣་ཚེས་༡༩་ཉིན་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཁྲི་ཐོག་༢༦༦་པ་སྟེ། ཕོབ་ཧྥ་རན་སི་སིའི་ཁྲི་སྟོན་མཛད་སྒོ་འཚོགས་ཀྱི་ཡོད་ཅིང་། བླ་ཆེན་མཆོག་གི་ཁྲི་སྟོན་མཛད་སྒོ་དེར་གདན་ས་ཝེ་ཊི་ཁན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཕེབས་ཞུགས་གནང་གི་ཡོད་པས། སྲིད་འཛིན་མ་དབྱིན་ཇུག་གཏན་ཞལ་གཉིས་ཀྱང་ཐེ་ཝན་གྱི་སྐུ་ཚབ་ཀྱི་ངོས་ནས་བླ་ཆེན་ཕོབ་མཆོག་གི་ཁྲི་སྟོན་མཛད་སྒོ་མཉམ་ཞུགས་གནང་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། དེ་ཡང་ཕྱི་ཟླ་༣་ཚེས་༡༥་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཧྲི་དབྱི་ཕིང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། གདན་ས་ཝེ་ཊི་ཁན་གྱིས་སྲིད་འཛིན་མ་དབྱིན་ཇུག་བླ་ཆེན་ཕོབ་མཆོག་གི་ཁྲི་སྟོན་མཛད་སྒོར་ཕེབས་དགོས་པའི་གཞུང་འབྲེལ་གྱི་མགྲོན་ཤོག་ཕུལ་ཡོད་པ་དང་། དེར་བརྟེན་ཨི་ཊི་ལིའི་གཞུང་གིས་ཀྱང་སྲིད་འཛིན་མ་དབྱིན་ཇུག་གཏན་ཞལ་གཉིས་ལ་ཐོངས་མཆན་སྤྲོད་པའི་རེ་བ་ཡོད་ཅེས་བཤད་ཀྱང་རྒྱ་ནག་གི་གནོན་ཤུགས་འོག་ཏུ་རྒྱལ་ཁབ་མང་དག་ཅིག་གིས་ཐེ་ཝན་གྱི་སྲིད་འཛིན་ལ་ཐོངས་མཆན་སྤྲོད་པའམ། ཐེ་ཝན་ལ་འབྲེལ་བ་འཛིན་རྒྱུ་དེར་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG