ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༩

ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྐྱར་གསོའི་དབུ་འབྱེད་མཛད་སྒོ་འཚོག་གཏན་འཁེལ།


ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས།

བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན་དང་དྲུང་ཆེ་བཀྲིས་ཚེ་རིང་ལགས་འཚོག་ལ་ཉེ་བའི་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྐྱར་གསོའི་དབུ་འབྱེད་མཛད་སྒོ་ཞིག་ཐའེ་ཝན་དུ་འཚོག་གཏན་འཁེལ་ཡོད་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མཛད་གཙོ་ཁག་ཅིག་གདན་ཞུའི་ཆེད་དུ་ཁོང་བཞུགས་སྒར་དུ་ཕེབས་ཡོད་པ་བཞིན་སྤྱི་ཟླ་ ༤ ཚེས་ ༡༥ ཉིན་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་གནད་དོན་འདི་དང་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས་གྱི་གྲོས་ཚོགས་འཐུས་མི་ ༣༥ ལྷག་གི་ཚོགས་པའི་མཐུན་མིར་ཞུགས་རྒྱུའི་ཕྱག་བྲིས་གནང་ཡོད་པ་དང་། ཐའེ་ཝན་ཆབ་སྲིད་ཚོགས་པའི་ནང་གོང་མིན་ཏང་ལ་ཆ་མཚོན་ན་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་ཁག་ནང་ཕལ་ཆེ་བ་མཉམ་བཞུགས་གནང་གི་མེད་ན་ཡང་། ཐའེ་ཝན་གྱི་ཆབ་སྲིད་ཀྱི་དགོས་མཁོ་ལ་བསྟུན་ནས་བོད་ཀྱི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་གནང་གི་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། དབུ་འབྱེད་མཛད་སྒོའི་ཐོག་ཐའེ་ཝན་གནས་ཡོད་མི་སྣ་གདན་ཞུས་དང་། གསར་འགོད་གསལ་བསྒྲགས་དང་། དེ་བཞིན་མི་མང་ལ་གཏམ་བཤད་བྱ་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་འདི་གའི་གསར་འགོད་པས་ཁོང་ལ་བོད་དང་ཐའེ་ཝན་གྱི་འབྲེལ་བ་འདི་ཆབ་སྲིད་དང་རིག་གཞུང་སོགས་ཐད་ལ་གལ་གནད་ཇི་ཡོད་ཆགས་ཀྱི་ཡོད་པ་བཅར་འདྲི་ཞུས་པར་ཁོང་གིས་ཐའེ་ཝན་དང་བོད་གཉིས་ཀྱི་ཐབས་རྩོད་བྱ་ས་འདི་རྒྱ་ནག་གཞུང་ཆགས་ཀྱི་ཡོད་སྟབས་མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུང་གནང་གི་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས།

གཞན་ཡང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཉེ་འཆར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་མ་ཟད། ཐའེ་ལྦན་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་སྐོར་དང་ཐའེ་ཝན་གྱི་གནས་སྟངས་སོགས་ཀྱི་སྐོར་སྙན་སེང་ཞུས་གནང་ཡོད་པ་མ་ཟད།ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་གཞོན་མཆོག་དང་། ཕྱི་དྲིལ་བཀའ་མཆོག་རྣམ་པ་གཉིས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཕེབས་རྒྱུ་ཡིན་པ་ཡིག་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། གཞི་རྩའི་ཐའེ་ཝན་ནང་སྤྱི་ལོ་ ༢༠༡༣ ལོར་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུག་རྒྱུ་བྱས་ཡོད་ན་ཡང་། སྤྱི་ལོ་ ༢༠༡༦ ལོར་གཞུང་འབྲེལ་གྱི་དེབ་བསྐྱལ་བྱས་ཏེ། ཚོགས་པ་དངོས་སུ་བཙུགས་ཐུབ་པ་བྱུང་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG