ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སུ་ཞུགས་རྒྱུར་བཀག་འགོག


༄༅།། སྐབས་༧༤་པའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་དེ་ཕྱི་ཟླ་༥་པའི་ཚེས་༢༤་ཉིན་འཚོགས་འཆར་ཡོད་ཅིང་། ཚོགས་ཞུགས་རྒྱལ་ཁབ་གིས་དྲྭ་ལམ་དུ་ཐོ་འགོད་བྱས་པའི་དུས་ཚོད་ནི་ཟླ་བ་འདིའི་ཚེས་༡༠་ཉིན་ཡོལ་ཟིན་ཡོད་ཀྱང་ཐེ་ཝན་ལ་མགྲོན་ཤོག་མ་འབྱོར། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨོ་ཅང་ཨན་གྱིས་ཚེས་༡༡་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་ཏུ་བརྗོད་དོན་ལྟར་ན། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཞུགས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་སྲིད་གཞུང་གིས་རྐང་བཙུགས་ནས་བཀག་འགོག་བྱེད་ཀྱི་ཡོད་པར་ཐུག་ཡོད། དེ་ནི་རྒྱ་ནག་སྲིད་གཞུང་གིས་ཆབ་སྲིད་ཀྱི་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་བདེན་དཔང་ཞིག་རེད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་བྱེད་སྟངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་ནན་བརྗོད་གནང་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG