ཐེ་ཝན་གྱིས་རྒྱ་ནག་སྐམས་ས་དང་དཔལ་འབྱོར་དང་མཐོ་རིམ་སློབ་གྲའི་འབྲེལ་ལམ་དམ་གཟབ་ཏུ་གཏོང་རྒྱུར་གོམས་པ་གསར་པ་ཁག་སྤོ་གི་ཡོད་པ་དང། ཕྱོགས་གཉིས་ཀྱིས་ཉེ་དུས་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མཐུན་གསར་པ་ཞིག་ལ་མིང་རྟགས་བཀོད་ཡོད་པ་དེར་ཡང་ཐེ་ཝན་གྱི་གྲོས་ཚོགས་ཁང་གིས་རྒྱབ་སྐྱོར་མུས་མཐུན་བྱས་ནས་གྲོས་འཐུན་དེ་བཞིན་སྤྱི་ཟླ་དང་པོ་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ན་ཡང་གྲོས་མཐུན་ལ་ངོ་རྒོལ་བྱེད་མཁན་ཚོས་གྲོས་མཐུན་དེའི་ཐོག་ནས་ཐེ་ཝན་གྱི་དཔལ་འབྱོར་ནི་མ་འོངས་རྒྱ་ནག་སྐམས་སར་ཤུགས་ཆེན་ཐོག་ནས་བརྟེན་དགོས་པ་ཞིག་ཏུ་འགྱར་རྒྱུ་ཡིན་པའི་བློ་ཚབས་བྱེད་ཀྱི་ཡོད་པ་རེད།