ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དང་ཐེ་ཝན་གཉིས་རིག་གཞུང་གི་འབྲེལ་ལམ་འཛུགས་རྒྱུ་ཡིན་པ།


རྒྱ་ནག་དང་ཐེ་ཝན་གཉིས་རིག་གཞུང་གི་འབྲེལ་ལམ་འཛུགས་རྒྱུ་ཡིན་པ།
རྒྱ་ནག་དང་ཐེ་ཝན་གཉིས་རིག་གཞུང་གི་འབྲེལ་ལམ་འཛུགས་རྒྱུ་ཡིན་པ།

སྤྱི་ལོ་༢༠༠༨ལོར་མ་ཡོན་ཅོན་ཐེ་ཝན་གྱི་སྲིད་འཛིན་གྱུར་བ་ནས་ཐེ་ཝན་དང་རྒྱ་ནག་དབར་ཚོང་དོན་འབྲེལ་བ་ཇེ་བཟང་དུ་སོང་ཡོད་པ་དང་ད་ལྟ་ཕྱོགས་གཉིས་ཀྱི་ངོས་ནས་རིག་གཞུང་གི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་བསམ་ཚུལ་བྱུང་ཡོད་འདུག ཐེངས་འདིའི་རྒྱ་ནག་གི་རིག་གཞུང་སྲིད་བློན་ཐེ་ཝན་ལ་སླེབས་པའི་གཟའ་འཁོར་གཅིག་གི་ནང་དུ་ད་དུང་ཕྱོགས་གཉིས་ཀྱི་རིག་གཞུང་བརྗེ་རེས་འབྲེལ་ལམ་གྱི་གྲོས་ཆོད་ལ་མིང་རྟགས་བཀོད་པ་སོགས་བྱས་མེད་ཀྱང་། ཐེ་ཝན་གྱི་རིག་གཞུང་སྲིད་བློན་གྱིས་ཕྱོགས་གཉིས་ཀྱི་གྲོས་ཆོད་དེ་རྒྱ་ནག་གི་ས་ཁུལ་ཞིག་ཏུ་འཇོག་ཐུབ་པའི་རེ་བ་རྒྱག་གིན་ཡོད་པ་བརྗོད་འདུག་ལ། ཐེངས་འདིའི་ཐེ་ཝན་རིག་གཞུང་སྲིད་བློན་གྱིས་འདི་ལྟ་བུའི་ལྟ་ཚུལ་བཤད་པ་ནི་ཐེ་ཝན་གྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་འདུག

XS
SM
MD
LG