སི་རི་ཡེའི་གྲོང་ཁྱེར་ཧཱོམ་སེ་ཡི་ཉེ་ཁྲིས་སུ་གཟའ་པ་སངས་ཉིན་ཞི་བའི་མི་སེར་བཅུ་ཕྲག་ཁ་ཤས་དམར་བསད་བཏང་བའི་དོན་རྐྱེན་གནས་ཚུལ་ཞིག་བྱུང་ཡོད་པ་དེ་ མཚོན་ཆ་ཐོགས་པའི་འཇིགས་བསྐུལ་རིང་ལུགས་པ་དེ་གྲས་ཀྱིས་བྱས་པ་ཡིན་ལུགས་སི་རི་ཡ་གཞུང་གིས་སྐྱོན་འཛུགས་བྱེད་ཀྱི་ཡོད་ཀྱང་ གནས་ཚུལ་དེ་དངོས་སུ་མིག་མཐོང་ལག་ཟིན་བྱུང་མཁན་ཚོས་ མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་ཚབས་ཆེན་དེ་བྱེད་མཁན་ གཞུང་གི་ཕྱོགས་གཏོགས་ཡུལ་དམག་དེ་གྲས་ཡིན་ལུགས་བརྗོད་ཀྱི་ཡོད་པའི་སྐོར་ འདི་ག་རླུུང་འཕྲིན་ཁང་གི་གསར་འགོད་པ་ ཨེཏྲ་ཝཏྲ་ ཡེ་ར་ནིའན་གྱིས་སྤེལ་བའི་གནས་ཚུལ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
སི་རི་ཡེའི་ནང་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ཡོད་པ།
