ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནང་འཁྲུག་སྐབས་ཀྱི་སི་རི་ཡའི་འོས་འདེམས།


སི་རི་ཡ་རྒྱལ་ཡོངས་སུ་སྲིད་འཛིན་ཨ་སཏ་ཀྱི་ཕྱོགས་གཏོགས་པ་གཞུང་དམག་དང་། ཨ་སཏ་ཁྱིམ་ཚང་གིས་ལོ་བཞི་བཅུ་ལྷག་་སི་རི་ཡར་དབང་སྒྱུར་བྱས་པའི་ལམ་ལུགས་མཇུག་བསྒྲིལ་དགོས་ཞེས་ངོ་རྒོལ་བྱེད་མཁན་མི་མང་གྱེན་ལོག་པ་ཚོས་འཐབ་རྩོད་བྱ་རྒྱུ་མཚམས་ཆད་ཀྱི་མེད་ཀྱང་། ཕྱི་ཟླ་༥་ཚེས་༧་ཉིན་སི་རི་ཡའི་མི་དམངས་ལ་འོས་ཤོག་འཕེན་དུ་བཅུག་ནས་གྲོས་ཚོགས་འཐུས་མི་འདེམས་བསྐོ་བྱས་པ་དང་། རྒྱལ་ས་ཌ་མ་སི་ཀ་སི་གྲོང་ཁྱེར་གྱི་ཡུལ་མི་མིང་བཤད་འདོད་མེད་པ་ཞིག་གིས་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། གྲོས་ཚོགས་འཐུས་མི་འོས་འདེམས་ཟེར་པ་ནི་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ཡིན་པ་དང་། གྲོས་ཚོགས་འཐུས་མིའི་འོས་མི་རྣམས་ཚོང་པ་འབྱོར་ལྡན་པ་དང་དབང་ཆ་ཡོད་མཁན། ལྷག་པར་དུ་ཨ་སཏ་ཁྱིམ་ཚང་གི་རྒྱབ་སྐྱོར་པ་ཤ་སྟག་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG