ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨང་སེན་སུ་ཅི་ཡིས་གནས་བབས་གསར་པ་ཞིག་འཛིན་རྒྱུ་དང་འབྲེལ་ལས་འགན་ལྕི་རུ་ཕྱིན་པ།


གཟའ་ཉི་མའི་ཉིན་བྱས་པའི་བྷར་མའི་གྲོས་ཚོགས་ཀྱི་འཐུས་མི་ཁ་སྐོང་གི་འོས་འདེམས་ནང་ དམངས་གཙོ་དོན་གཉེར་བའི་དབུ་ཁྲིད་ལྕམ་ཨང་སེན་སུ་ཅི་ལ་རྒྱལ་ཁ་ཐོབ་སྟེ་ ད་ཆ་ཁོང་གྲོས་ཚོགས་ཀྱི་འཐུས་མིར་འགྱུར་རྒྱུ་ཡིན་པས་ འདི་ནི་ འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་བྷར་མའི་ནང་དམངས་གཙོ་བསྐྱར་གསོ་ཡོང་རྒྱུའི་དོན་དུ་འཐབ་རྩོད་རྒྱུན་བསྲིངས་ཏེ་གནང་མཁན་ལྕམ་སུ་ཅི་ལ་ཆ་མཚོན་པ་ཡིན་ན་ ལས་གནས་གསར་པ་ཞིག་དང་ འབྲེལ་ འགན་འཁུར་ལྕི་རུ་ཕྱིན་པ་ཞིག་ཀྱང་ཡིན་པ་སོགས་འགྱུར་བ་ཆེན་པོ་ཞིག་ཡིན་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG