ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དོགས་ཡོད་ཉེས་ཅན་པ་ཞིག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལ་ཉེན་རྟོག་པ་ཞིག་བསད་འདུག


དེ་ཡང་རེས་གཟའ་པ་སངས་དང་ཚེས་༢ཉིན་དོགས་ཡོད་ཉེས་ཅན་པ་ཞིག་གིས་མོ་ཀྲ་བཏང་ནས་ཤོར་ཡོང་སྟེ་ཨ་རིའི་གྲོས་ཚོགས་ཕྱི་རོལ་གྱི་ལམ་འགོག་ལྕགས་གྱང་ལ་རྡུང་པ་དང་། དེ་ནས་མི་དེས་གྲི་བཏོན་ཏེ་མོ་ཀྲ་ནས་ཕྱིར་ཐོན་ཡོད་འདུག དོན་རྐྱེན་ཐོན་པའི་ཁྲོད་ཨ་རིའི་གྲོས་ཚོགས་ཀྱི་ཉེན་རྟོག་པ་གཅིག་འདས་གྲོངས་སུ་སོང་བ་མ་ཟད། དེ་མིན་གཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཉེན་རྟོག་པའི་ལས་ཚབ་འགན་འཛིན་ནས་གསར་འགོར་པར་བརྗོད་པར། ཨ་རིའི་གྲོས་ཚོགས་ཀྱི་ཉེན་རྟོག་པས་དོགས་ཡོད་ཉེན་ཅན་པར་མེ་མདའ་བརྒྱབ་སྟེ་སྐབས་དེར་འདས་གྲོངས་སུ་གྱུར་པ་བརྗོད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། འདས་གྲོངས་སུ་སོང་བའི་ཨ་རིའི་གྲོས་ཚོགས་ཀྱི་ཉེན་རྟོག་པ་ཁོང་ནི་གྲོས་ཚོགས་སུ་ཉེན་རྟོག་པའི་ལས་འགན་འཁུར་ནས་ལོ་ངོ་༡༨འགྲོ་ཡི་ཡོད་འདུག

XS
SM
MD
LG