ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་བྷ་ཌན་གྱི་ས་ག་ཟླ་བའི་གསུང་འཕྲིན།


སྲིད་འཛིན་བྷ་ཌན་གྱི་ས་ག་ཟླ་བའི་གསུང་འཕྲིན།

༄༅།། ང་དང་ཇཱིལ་གཉིས་ཀས་ཨ་མི་རི་ཀ་དང་འཛམ་གླིང་ཡོངས་སུ་ནང་པ་ཚོས་ས་ག་ཟླ་བའི་དུས་ཆེན་ཏེ། སངས་རྒྱས་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ལ་སྲུང་བརྩི་ཞུ་བཞིན་པར་སྤྲོ་སེམས་རབ་ཏུ་འཁོལ་བའི་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་སྣང་གསལ་སྒྲོན་མེ་ཞིག་ཞལ་ཕྱེ་བ་དང་དུས་ཆེན་འདིའི་མཚོན་དོན་ནི་ལོ་༢༥༠༠་ལྷག་ལ་སྲུང་བརྩི་ཞུས་ཡོད་ཅིང་། ང་ཚོར་དུས་ཆེན་འདིས་དུས་ད་ལྟའི་བར་དུ་བསྟན་པའི་སངས་རྒྱས་ཆོས་ལུགས་ཀྱི་བྱམས་བརྩེ་དང་ཉམ་ཆུང་། རང་གཅེས་མེད་པའི་བསླབ་པ་རྣམས་དྲན་སྐུལ་བྱེད་ཐུབ། དེ་རིང་གི་ཉིན་མོ་འདིར་ནང་པ་ཚོས་ལེགས་སྐྱེལ་ཕུལ་ཏེ་ཨ་མི་རི་ཀའི་ཡུལ་སྡེ་ཁག་ཇེ་ཕྱུག་དང་ང་ཚོ་མཉམ་འབྲེལ་གྱིས་རྒྱལ་ཁབ་འདིར་འོད་སྟོང་ལྡན་པའི་མདུན་ལམ་ཞིག་བསྐྲུན་པ་དེ་ལའང་རྗེས་དྲན་ཞུ་དགོས།། ༢༠༢༡་ལོའི་ཕྱི་ཟླ་༥་པའི་ཚེས་༢༦་ཉིན་ཕོ་བྲང་དཀར་པོ་ནས།།

XS
SM
MD
LG