ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཀོ་རི་ཡའི་གཅིག་གྱུར་བློན་ཆེན་གྱིས་རྒྱལ་ཡོངས་གསང་བའི་ལས་ཁང་དང་ཉེན་རྟོག་པ་ཚོས་གྲོས་ཚོགས་འཐུས་མི་གསར་པ་ཞིག་དང་། ད་དུང་མི་གཞན་པ་༣་གྱི་བདེ་འཇགས་ལ་སྲུང་སྐྱོབ་དམ་དུ་བཏང་སྟེ། ཁོང་ཚོར་བྱང་ཀོ་རི་ཡའི་གཞུང་གིས་ཉེན་བརྡ་བཏང་བ་དེར་དོགས་ཟོན་ནན་པོ་བྱེད་ཀྱིན་ཡོད་ཅེས་བཤད་པ་དང་། ཁ་སང་གཟའ་མིག་དམར་ཉིན་ཕིང་དབྱང་གཞུང་གིས་ལྷོ་ཀོ་རི་ཡའི་མི་བཞིས་བྱང་ཀོ་རི་ཡའི་ལོ་རྒྱུས་ཀྱི་མཚོན་དོན་རྡོ་སྐུ་ཁག་ཅིག་ལ་གཏོར་བཤིག་བཏང་སྟེ། ཁོང་ཚོས་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་སྤེལ་རྒྱུའི་ངན་ཇུས་གཤོམ་བཞིན་ཡོད། ཡིན་ནའང་བྱང་ཀོ་རི་ཡའི་གཞུང་གིས་ལྷོ་ཀོ་རི་ཡའི་མི་དེ་ཚོར་ཡ་ང་སྙིང་རྗེ་མེད་པར་ཁྲིམས་གཅོད་བྱས་ནས་ཐར་པ་གཏོང་རྒྱུ་མིན་ཞེས་ཉེན་བརྡ་བཏང་རུང་། ལྷོ་ཀོ་རི་ཡའི་གཅིག་གྱུར་བློན་ཆེན་ཕག་སུ་ཇིན་གྱིས་བྱང་ཀོ་རི་ཡའི་སྐྱོན་འཛུགས་དེར་ཁུངས་ལུང་ཅི་ཡང་མེད། ཁོང་ཚོས་ལྷོ་ཀོ་རི་ཡའི་མི་བཞི་ལ་ཉེན་བརྡ་བཏང་བ་དེར་ལན་འདེབས་བྱེད་དགོས་དོན་མེད་ཅེས་བཤད་ཡོད་པ་རེད།
XS
SM
MD
LG