ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྷོ་ཀོ་རི་ཡའི་མེ་ཤུགས་འཕུར་མདའ།


༡༩༥༠་ཐམ་པ་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་བར་མཚམས་ཆད་ནས་བཟུང་། འདས་པའི་མི་ལོ་༦༠་ཡས་མས་ཤིག་ལ་ལྷོ་བྱང་ཀོ་རི་ཡའི་བར་དུ་འཁྲུག་རྩོད་རབས་དང་རིམ་པ་ཞིག་བྱུང་སྟེ། ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པ་ཡིན་ཞེས་རྒྱལ་སྤྱིའི་ཆིངས་ཡིག་ཅིག་འཇོག་ཐུབ་མེད་པ་དང་། དེར་བརྟེན་རྒྱུ་རྐྱེན་ཕྲ་མོ་ཞིག་གིས་ཀྱང་ལྷོ་བྱང་ཀོ་རི་ཡ་གཉིས་ལ་དམག་འཁྲུག་སློང་རྒྱུ་ལས་སླ་བ་མ་ཟད། བྱང་ཀོ་རི་ཡས་དུས་དང་རྣམ་པ་ཀུན་ཏུ་ལྷོ་ཀོ་རི་ཡར་དམག་གིས་སྡིགས་ར་བསྐུར་པ་དང་། ལྷོ་ཀོ་རི་ཡར་བཙན་འཛུལ་བྱེད་རྒྱུའི་ཉེན་ཀ་འབྱུང་རྒྱུ་མཚམས་ཆད་ཀྱི་མེད་ཅིང་། ཕྱི་ཟླ་༥་ཚེས་༢༢་ཉིན་ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཀིམ་མིན་སུག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ལྷོ་ཀོ་རི་ཡའི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་བར་མེ་ཤུགས་འཕུར་མདའ་གསོག་འཇོག་བྱེད་རྒྱུ་དང་། ཁོང་ཚོས་བྱང་ཀོ་རི་ཡར་ཁ་གཏད་ནས་མེ་ཤུགས་འཕུར་མདའ་འཛུགས་རྒྱུ་ཇེ་མང་དུ་གཏོང་འཆར་ཡོད་ཅེས་ངེས་གཏན་བྱས་ཡོད་པ་རེད།

XS
SM
MD
LG