ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་༧གོང་ས་མཆོག་ནཱ་ཛེ་དང་གཅིག་པ་ཡིན་པའི་སྐྱོན་འཛུགས་བྱས་པར་སྷ་མན་ཝི་སན་ཐལ་ལྟེ་གནས་ཁང་གིས་སྐྱོན་བརྗོད།


རྒྱ་ནག་གཞུང་གིས་གཉེར་བའི་གསར་སྤེལ་ཁང་གཉིས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཇིའུ་མི་རིགས་ས་ཡ་མང་པོ་དམར་གསོད་གཏོང་མཁན་ནཱ་ཛེ་དང་ཁྱད་མེད་པ་ཡིན་པའི་ཁུངས་མེད་ཀྱི་སྐྱོན་འཛུགས་བྱས་པར་ ཇིའུ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སྷ་མན་ཝི་སན་ཐལ་གྱིས་མཐའ་གཅིག་ཏུ་དགག་པ་བརྒྱབས་ཏེ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད་ རྒྱ་གཞུང་གི་གསར་སྤེལ་ཁང་དེ་གཉིས་ཀྱིས་འཕྲལ་དུ་དགོངས་སེལ་ཞུ་དགོས་པ་ཡིན་ཞེས་བརྗོད་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG