ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༡༤

བོད་དོན་སྲིད་ཇུས་ལ་དགའ་བསུའི་གསར་འགོད་ལྷན་ཚོགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་གཙོས་བོད་རྒྱུད་ནང་བསྟན་གྱི་བླ་སྦྲུལ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་དབང་ཚད་བོད་མི་རིགས་ལ་ཡོད་པ་སོགས་ཚུད་པའི་བོད་དོན་སྲིད་ཇུས་ཤིག་ཨ་རིའི་གྲོས་ཚོགས་སུ་ཁྲིམས་འཆར་གསར་པ་བཏོན་ཡོད་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་དགའ་བསུ་ཞུས་པར་མ་ཟད། བོད་དོན་སྲིད་ཇུས་དེར་འབྲེལ་བ་ཡོད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་བཀའ་དྲིན་ཞུས་པ་དང་། ད་དུང་ཨ་རིའི་སྤྱི་དམངས་བོད་པ་ཚོས་ཀྱང་རང་གི་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཚོར་འབྲེལ་བ་བྱས་ནས་བོད་དོན་སྲིད་ཇུས་དེར་རྒྱབ་སྐྱོར་བྱེད་དུ་འཇུག་དགོས་ཞེས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཡོད་པའི་སྐོར། ས་གནས་རྡ་རམ་ས་ལ་ནས་བསྟན་འཛིན་བཟང་མོ་ལགས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG