ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

སྐབས་༡༧་གྲོས་ཚོགས་ཚོགས་དུས་གསུམ་པར་བཀའ་ཤག་གི་གསལ་བཤད།


༄༅།། ཕྱི་ཚེས་༢༩་ཉིན་སྐབས་༡༧་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བརྒྱད་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་སྙན་སྒྲོན་ཞུས། ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་འཛིན་སྐྱོང་། སྤྱི་ཚོགས་བདེ་དོན་བཅས་ལས་འཕྲོས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་འབེབ་གནང་བའི་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་གྲོས་མོལ་ཡོང་ཐབས་ལ་མུ་མཐུད་དུ་འབད་བརྩོན་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བའི་སྲིད་ཇུས་རྣམས་འཆར་གཞི་ལྡན་པའི་སྒོ་ནས་ལག་བསྟར་བྱས་དང་བྱེད་མུས་ཡིན་ཞིང་། ལྷག་པར་དུ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་པའི་ཤེས་ཡོན་དང་ནང་ཆོས་གཉིས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་མངོན་སུམ་འཛེམ་མེད་དུ་ལག་ལེན་བསྟར་གྱི་འདུག་ཅེས་གཏམ་བཤད་གནང་འདུག

བཀའ་ཤག་གིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་སློབ་སྟོན་པ་གསུམ་དང་དྲུང་ཆེ་བཞི་ལས་གྲུབ་པའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཟུར་འཛུགས་ཀྱིས་སྔོན་འགྲོའི་གྲ་སྒྲིག་བྱེད་ཡོད། དམངས་གཙོའི་ལམ་སྲོལ་གྱི་སྒྲིག་འཛུགས་སྲ་བརྟན་ཐུབ་པར་ཁྲིམས་ཀྱིས་དབང་བསྒྱུར་དགོས་པ་དང་དམངས་གཙོའི་ཀ་བ་གསུམ། རང་དབང་ཅན་གྱི་སྡེ་ཚན་ཁག་ལ་འགན་དབང་ཆ་བགོ་ཡོད་པ་བཞིན་བཅད་མཚམས་སུ་གནས་དགོས་རྒྱུའི་གལ་གནད། མ་འོངས་པར་དཀའ་ངལ་མི་འཕྲད་པའི་ཆེད་དུ་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་འཛུགས་དགོས་ཞེས་གསུངས་འདུག བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་ལ་བགྲོ་གླེང་སྐབས་སུ་སྤྱི་འཐུས་མང་པོ་ཞིག་གིས་དོགས་འདྲི་དང་དགོངས་ཚུལ་གསུངས་པར་སྲིད་སྐྱོང་གིས་རེ་རེ་བཞིན་ལན་འདེབས་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG