ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སྲིད་སྐྱོང་མཆོག་ཧྥི་རན་སིར་ཕེབས་ཏེ་མཛད་དོན་བསྐྱངས་པ།


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕེབས་བཞིན་ཡོད་པ་ལྟར། ཧྥི་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ལ་ མཇལ་འཕྲད་གནང་སྟེ་བོད་ནང་གི་བོད་མིའི་ད་ལྟའི་གནས་སྟངས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཀྱི་ཐད་ནས་གཏམ་བཤད་གནང་ཡོད་པ་དང་། ཧྥི་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཀྱང་མུ་མཐུད་དེ་་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ཐད་ཤུགས་སྣོན་རྒྱག་རྒྱུ་ཡིན་ལུགས་གསུངས་འདུག་པ་བཅས་ཀྱིས་ཐད་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG