ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་སྐྱོང་དང་སྐུ་ཚབ་དོན་གཅོད་ཁག་གི་དྲྭ་ལམ་དུ་ཚོགས་འདུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡་པོའི་ཚེས་༡༩་དང་༢༠་གཉིས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དབུ་བཞུགས་ཐོག་ཏུ་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་༡༢་དང་ཧྥ་རན་སིའི་འབྲེལ་མཐུད་པ་བཅས་ཚང་འཛོམས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སོགས་ལ་དྲྭ་ལམ་དུ་ཚོགས་འདུ་ཞིག་བསྐོངས་འདུག

ཐེངས་འདིའི་ཚོགས་འདུའི་སྐབས་སུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་༩་པ་གྲ་སྒྲིག་བྱེད་ཕྱོགས་དང་མི་མང་དང་བླངས་པའི་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དེ་དག་གིས་གནས་ཡུལ་རྒྱལ་ཁབ་ཁག་གིས་བོད་དང་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་དོ་སྣང་། བོད་པའི་སྤྱི་ཚོགས་སུ་༧གོང་ས་མཆོག་ལ་མཚན་དམོད་ཞུ་མཁན་ཚོར་གདོང་ལེན་བྱ་དགོས་ཞེས་བཀའ་ཤག་གི་ལངས་ཕྱོགས་གསལ་བསྒྲགས། ལྷག་པར་དུ་སྐུ་ཚབ་དོན་གཅོད་ཕལ་མོ་ཆེས་༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་བྱེད་བཞིན་ཡོད་པས་སྐུ་ཚབ་དོན་གཅོད་ཚོས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་འབྲེལ་བ་ཞུ་ཕྱོགས་བཅས་ལ་གྲོས་སྡུར་ལྷུག་པོ་གནང་འདུག

ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་ཆབ་སྲིད་ལས་དོན་གྱི་གྲོས་གཞི་ཁག་དྲུག་ལ་གྲོས་སྡུར་བྱུང་། ཐོག་མའི་འཆར་གཞི་ལྟར་ན་ཕྱི་ཟླ་དང་པོའི་མགོ་སྟོད་དུ་སྐུ་ཚབ་དོན་གཅོད་རྣམས་དངོས་སུ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་ཚོགས་འདུ་འཚོགས་འཆར་ཡོད་ཀྱང་རྒྱ་གར་ལ་སླར་ཡང་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་སྐུ་ཚབ་དོན་གཅོད་རྣམས་ལྷན་དུ་འདུས་ནས་ཚོགས་འདུ་འཚོགས་རྒྱུའི་འཆར་གཞི་ཕྱིར་བསྡུ་བྱས་ནས་དྲྭ་ལམ་དུ་འཚོགས་དགོས་བྱུང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG