ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བོད་ཀྱི་རྒྱལ་དར་བེད་སྤྱོད་གཏོང་ཕྱོགས་ལ་ཡིད་གཟབ་བྱེད་དགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།དེ་རིང་ཕྱི་ཟླ་༡་པོའི་ཚེས་༨ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་གཟའ་ལྷག་པའི་ཉིན་གྱི་ཨ་རིའི་རྒྱལ་སའི་ངོ་རྒོལ་ཁྲོད་བོད་མི་འགའ་ཞིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ནས་མཉམ་ཞུགས་བྱས་ཡོད་པའི་དགོངས་ཚུལ་གསུངས་ཤིང་འབོད་སྐུལ་གནང་ཡོད།

༄༅།།དེ་རིང་ཕྱི་ཟླ་༡་པོའི་ཚེས་༨ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ཟུང་དྲུང་ཡན་གྱི་སྲི་ཞུའི་ལས་བྱེད་རྣམས་ལ་སྲིད་སྐྱོང་ཚོགས་ཁང་དུ་ཨ་རིའི་གཞུང་གིས་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་། བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་གནང་སོང། མཛད་སྒོ་གྲུབ་རྗེས་སྲིད་སྐྱོང་མཆོག་གིས་གཟའ་ལྷག་པའི་ཉིན་གྱི་ཨ་རིའི་རྒྱལ་སའི་ངོ་རྒོལ་ཁྲོད་བོད་མི་འགའ་ཞིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ནས་མཉམ་ཞུགས་བྱས་ཡོད་པའི་དགོངས་ཚུལ་གསུངས་ཤིང་འབོད་སྐུལ་གནང་ཡོད།
XS
SM
MD
LG