ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧྲང་ཧེ་གྲོང་ཁྱེར་ལ་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས།


༅༅།། རེས་གཟའ་ལྷག་པའི་ཉིན་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་ཏོག་དབྱིབས་ནད་དུག་བགོས་པའི་ཕྲུ་གུ་ཚོ་ཕ་མ་དང་ཁ་བྲལ་བཏང་ནས་ཟུར་འགོག་བྱེད་ཀྱི་ཡོད་པ་ཅུང་ཙམ་ཤུགས་ཆུང་དུ་བཏང་ཡོད་ཀྱང་གྲོང་ཁྱེར་ཆེན་པོ་དེར་ཁྱོན་ཡོངས་ནས་སྒོ་རྒྱ་བསྡམས་པའི་དུས་ཡུན་དེ་ཕར་འགྱངས་བཏང་ཡོད་ཅིང་། ད་ལྟ་མི་འབོར་ས་ཡ་༢༦་ལྷག་ཡོད་པའི་ཧྲང་ཧེ་གྲོང་ཁྱེར་གྱི་མི་མང་ལ་ཕྱོགས་གང་ཐད་དུ་དཀའ་ངལ་འཕྲད་ཀྱི་ཡོད་པར་མ་ཟད། མི་མང་གིས་མི་དགའ་བའི་རྣམ་འགྱུར་བསྟན་པར་གྲོང་ཁྱེར་སྲིད་གཞུང་གིས་གུ་བཤངས་བྱ་དགོས་ཐུག་འདུག་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG