༄༅།། རྒྱ་ནག་གི་དངུལ་རྩའི་བསྟི་གནས་ཧྲང་ཧེ་གྲོང་ཁྱེར་ལ་རེས་གཟའ་ཕུར་བུའི་ཉིན་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་༢༧༠༠༠་བརྒལ་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། འདི་ནི་་གྲོང་ཁྱེར་དེར་ནད་དུག་ཁྱབ་གདལ་གྱི་ངར་སྒང་དུ་སླེབས་ཀྱི་ཡོད་པའི་རྟགས་མཚན་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ཏོག་དབྱིབ་ནད་དུག་གཅིག་ཀྱང་མེད་པར་གཏོང་དགོས་ཞེས་སྲིད་ཇུས་ཤིག་མཁྲེགས་འཛིན་བྱེད་ཀྱི་ཡོད་པ་རྒྱུན་འཁྱོངས་བྱ་དགོས་ཞནན་བརྗོད་བྱས་འདུག་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།