ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་ལ་པཎ་ཆེན་རིན་པོ་ཆེ་གློད་གྲོལ་གྱི་ཉིན་བཅུའི་ལས་འགུལ་ཚུགས་པ།


རྒྱ་གར་གྱི་རྒྱལ་ས་ལྡི་ལི་ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱལ་ས་ལྡི་ལིའི་མཐོ་རིམ་སློབ་གྲྭ་ཁག་ཏུ་པཎ་ཆེན་སྐུ་ཕྲེང་༡༡་པ་བསྟན་འཛིན་དགེ་འདུན་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ལོ་༢༧་ཕྱིན་པའི་གནས་སྟངས་གསལ་བཤད་དང་གོ་རྟོགས་མཐོ་རུ་གཏོང་རྒྱུ། པཎ་ཆེན་སྐུ་ཕྲེང་༡༡་པ་མཆོག་གུང་གྲངས་༢༧་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བསྟུན་ནས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་པཎ་ཆེན་རིན་པོ་མྱུར་དུ་བཙོན་གྲོལ་འཐོབ་པའི་ཉིན་བཅུའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད།།

XS
SM
MD
LG