ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱང་ཀོ་རི་ཡར་ངོ་རྒོལ་གྱི་ཡིག་ཆ་གཏོར་མི་ཆོག་པའི་བཀག་འགོག


༄༅།། ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཆབ་སྲིད་ལས་འགུལ་བ་ཚོར་བྱང་ཀོ་རི་ཡར་ངོ་རྒོལ་དང་འགལ་ཟླ་སློང་བའི་ཡིག་ཆ་སོགས་ལྒང་ཕུག་ལ་བཏགས་ཏེ་ས་མཚམས་ནས་གཏོར་གྱི་ཡོད་པའི་ལས་འགུལ་ཁག་མཚམས་འཇོག་རྒྱུ་བྱ་དགོས། གལ་སྲིད་བྱང་ཀོ་རི་ཡར་ངོ་རྒོལ་བྱེད་མཁན་ལས་འགུལ་བ་ཚོས་ས་མཚམས་ནས་ཡིག་ཆ་གཏོར་རྒྱུ་མཚམས་འཇོག་མ་བྱས་ཚེ། ལྷོ་ཀོ་རི་ཡའི་གཞུང་གིས་མི་དེ་ཚོར་ཁྲིམས་གཅོད་བྱེད་ཆོག་ཅེས་གྲོས་ཆོད་བཞག་ཡོད་པའི་སྐོར། ཨ་མི་རི་ཀའི་རྒྱང་སྲིང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG