ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རང་སྲེག་ངོ་རྒོལ་བའི་གནས་ཚུལ་གྱིས་བོད་མི་རྣམས་རྒྱ་གཞུང་གི་བཙན་གནོན་ལ་ཁོང་ཁྲོ་ཇེ་ཆེར་འགྲོ་བ་མཚོན།


དེང་སང་བོད་ནང་ བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་དུ་ཡོང་གི་ཡོད་པ་དེ་དག་གི་ཐོག་ནས་ རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུར་དམིགས་པའི་སྲིད་བྱུས་འཛིན་ཏེ་ བོད་ཀྱི་དགོན་སྡེ་ཁག་གི་ནང་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་བཞག་སྟེ་དམ་དྲག་བྱེད་པ་དང་ བོད་ཀྱི་འབྲོག་པའི་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་སྟེ་འབྲོག་པ་གྲོང་སར་བཙན་བཤེད་ཀྱིས་སྤོ་རུ་བཅུག་པ་དང་ བོད་པའི་སློབ་གྲྭ་ཁག་གི་ནང་བོད་ཡིག་གི་ཐོག་སློབ་ཚན་འཁྲིད་མ་བཅུག་པར་ སློབ་ཚན་ཚང་མ་རྒྱ་ཡིག་གི་ཐོག་ནས་འཁྲིད་རྒྱུའི་འཆར་གཞི་བཀོད་པ་སོགས་ རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་བཙན་གནོན་གྱི་སྲིད་བྱུས་དེ་ཚོར་བོད་མི་རྣམས་ཁོང་ཁྲོ་ཇེ་ཆེར་འགྲོ་གི་ཡོད་པའི་རྣམ་པ་གསལ་པོ་མཚོན་པ་ཞིག་ཡིན་པའི་སྐོར་ ཨ་མི་རི་ཀའི་ཝ་ཤིང་ཀྲོན་པོས་ཀྲི་ཚགས་པར་གྱིས་སྤེལ་བའི་གནས་ཚུལ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG