ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རེབ་གོང་དུ་ཡང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།


བོད་མདོ་སྨད་རེབ་གོང་མགོན་ཤུལ་དུ་བོད་མི་ཕག་མོ་བསམ་འགྲུབ་ཞུ་བས་ཕྱི་ཚེས་༥ལྔ་ཉིན་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁོང་རང་ལུས་མེ་སྲེགས་བཏང་བའི་རྗེས་ཁོང་ཤི་གསོན་གྱི་གནས་སྟངས་ཤེས་རྟོག་མེད་པའི་ངང་སྐུ་ཕུང་ས་གནས་ཉེན་རྟོག་པས་བཙན་ཁྱེར་བྱས་ཡོད་འདུག ད་ལྟའི་ཆར་རྒྱུད་ལམ་ཁག་ཏུ་ཁོང་གི་ལོ་ཚོད་དང་ཡང་ན་ཁོང་གི་ནང་མིའི་གནས་སྟངས་སོགས་ཀྱི་སྐོར་གནས་ཚུལ་མ་མཐུན་པ་བྱུང་བཞིན་ཡོད་ཀྱང་། ཚེས་ལྔ་ཉིན་རེབ་གོང་མགོན་ཤུལ་དུ་བོད་མི་ཕག་མོ་བསམ་འགྲུབ་ཅེས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་ཁོང་གི་སྐུ་ཕུང་ས་གནས་ཉེན་རྟོག་པས་བཙན་ཁྱེར་བྱས་ཟིན་པ་སོགས་ཀྱི་གནས་ཚུལ་གཅིག་མཚུངས་ཡོང་བཞིན་པ་རེད། འདི་ཀ་རླུང་འཕྲིན་ཁང་ལ་གནས་ཚུལ་ཡོང་ཁུངས་ཤིག་གིས་རེབ་གོང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་འགྲེལ་བརྗོད་བྱེད་ཡོད་པ་ཞིག་ཚེ་རིང་སྐྱིད་ཡིག་ངོར་ཕབ་ཏེ་ཕྱོགས་བསྡུས་བྱེད་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG