ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མཛོད་དགེ་བ་བན་དེ་མཁར་གྱིས་རང་སྲེག་ངོ་རྒོལ།


ཕྱི་ཟླ་༡༡་ཚེས་༢༨་དགོང་མོར་བོད་ནང་གི་ཆུ་ཚོད་༧་པ་ཡས་མས་སུ་རང་ལོ་༢༡་ལ་སོན་པའི་མཛོད་དགེ་བ་བན་དེ་མཁར་གྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས་པ་དང་པཎ་ཆེན་སྐུ་ཕྲེང་༡༡་པ་བཙོན་ཁང་ནས་གློད་གྲོལ་གཏོང་དགོས། བོད་ལ་རང་དབང་དགོས། སྐད་ཡིག་དང་ཆོས་དད་རང་དབང་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཞེས་སྐད་འབོད་བྱས་འདུག་ཅིང་། ཐོག་མའི་འཆར་གཞི་ལྟར་ན་བན་དེ་མཁར་གྱིས་གཙོད་གྲོང་ཁྱེར་དུ་རྒྱ་གཞུང་གི་ལས་ཁུངས་ཤིག་གི་མདུན་དུ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱ་འཆར་ཡོད་ཀྱང་། དེང་སྐབས་གཙོད་གྲོང་ཁྱེར་ལ་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། རང་སྲེག་ངོ་རྒོལ་བ་བན་དེ་མཁར་གཙོད་གྲོང་ཁྱེར་དུ་མ་ཐར་པར་གྲོང་ཁྱེར་གྱི་མཐའ་མཚམས་ཤིག་ཏུ་རང་ལུས་མེར་སྲེག་བཏང་ཞིང་། སྐབས་དེར་རང་སྲེག་ངོ་རྒོལ་བ་བན་དེ་མཁར་འདས་གྲོངས་སུ་ཕྱིན་མེད་པ་དང་། གྲོང་མཐའི་བོད་མི་ཚོས་མེ་འཚིག་ཐེབས་པའི་བན་དེ་མཁར་གྱི་ཕུང་པོ་མཛོད་དགེ་རྐང་ཚ་སྡེ་བའི་རང་ཁྱིམ་ལ་སྐྱེལ་བ་སྟེ། མཚན་གྱི་ཆུ་ཚོད་གཉིས་པ་ཙམ་ལ་བན་དེ་མཁར་གྱིས་མིག་ཕྱེ་ནས་ “ང་གང་དུ་ཡོད་པ་རེད་དམ་ཞེས་དྲིས་པ་དང་། བཟའ་མི་ཚོས་ཁྱོད་རང་ཁྱིམ་ལ་ཡོད་ཅེས་ལན་འདེབས་བྱས་པ་མ་ཟད། ཁོང་གིས་དེ་ལ་ང་རང་ཁྱིམ་ལ་བསླེབས་པ་རེད་དམ་” ཞེས་བསྐྱར་དུ་དྲིས་ཏེ་སྐར་མ་ལྔའི་རྗེས་སུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པ་དང་། རང་སྲེག་ངོ་རྒོལ་བ་བན་དེ་མཁར་ལ་ཕ་ཚེ་རིང་ཐར་དང་མ་ཀུན་བཟང་སྒྲོལ་མ། གཅེན་པོ་བྱམས་པ་དང་གཅུང་པོ་སངས་རྒྱས་དོན་གྲུབ། རང་སྲེང་ངོ་རྒོལ་བ་བན་དེ་མཁར་བུ་སྤུན་གསུམ་གྱི་ནང་གི་འབྲིང་བ་དེ་ཡིན་འདུག་པ་དང་། ཁོང་གི་སྐྱེས་ཡུལ་གྲོང་སྡེའི་མིང་ལ་རྐང་ཚའི་ཡར་ཀི་སོག་སྡེ་ཟེར། ད་ལྟ་རྒྱ་ནག་གཞུང་གིས་མཛོད་དགེ་སྟོད་སྨད་ཡོངས་ལ་དམག་དང་དྲག་ཆས་ཉེན་རྟོག་པ་བཀྲམ་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
please wait

No media source currently available

0:00 0:07:10 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG