རྒྱ་ནག་གི་ཚོགས་ཆེན་རིང་ལྷ་སར་དམ་བསྒྲགས་ཆེ་རུ་བཏང་།
༄༅། །རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཉི་ཤུ་པའི་རིང་ལྷ་སའི་ཁུལ་ལ་ཞིབ་བཤེར་གྱི་ས་ཚིགས་མང་པོ་གསར་དུ་བཙུགས་ཏེ་མང་ཚོགས་ཀྱི་ཁ་པར་བསྔོག་བཤེར་དྲི་བརྩད་བྱས་པ་དང་དགོན་སྡེ་ཁག་ནང་བཙན་དབང་གིས་ཚོགས་ཆེན་ཉི་ཤུའི་ནང་དོན་ལ་སློབ་སྦྱོང་བྱེད་འཇུག་གི་ཡོད་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།