ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་གྱི་གནད་དོན་གླེང་སློང་།


༄༅།། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ཟླ་༨་པའི་༢༩་ཉིན་གསལ་བསྒྲགས་ཐུང་ངུ་ཞིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཀྱི་ཁ་ པར་ཐོག་ཏུ་ཨབ་གྷ་ཎི་སི་ཐན་རྒྱལ་ཁབ་ཧྲིལ་པོ་ཏ་ལི་བྷན་ཤོག་གི་དབང་སྒྱུར་འོག་ཏུ་ཚུད་གྲབས་ཡོད་ཅིང་། ཕྱི་རྒྱལ་གྱི་སྤྱི་དམངས་རྣམས་དང་ཨབ་ཧན་གྱི་མི་དམངས་ཁག་ཅིག་ཕྱི་རྒྱལ་ལ་ཉེན་བྱོལ་དུ་ལེན་ཐབས། དེ་བཞིན་ཏ་ལི་བྷན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་ལེན་དམ་བཅའ་བྱས་པ་རྣམས་ལག་ལེན་བསྟར་དུ་འཇུག་ཐབས་བཅས་ལ་གྲོས་སྡུར་བྱས་པའི་གནས་ཚུལ་ཐོན་མོད། འོན་ཀྱང་ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་གྲོས་སྡུར་ཞིབ་ཕྲ་ཅི་ཞིག་བྱས་ཡོད་མེད་རྣམས་ཕྱིར་བསྒྲགས་བྱས་མེད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG