ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ད་ལོ་ཨ་རྒྱ་གཉིས་ཀྱི་འགོ་ཁྲིད་མཇལ་འཕྲད་ཐུབ་རྒྱུའི་རྣམ་པ་མེད་པ།


༄༅།། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་སྲིད་འཛིན་ཇཱོ་བྷ་ཌན་གྱི་བཀའ་ལྟར་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱས་པའི་མཐའ་མའི་ཞིབ་འཇུག་སྙན་ཐོ་ཞིག་སྲིད་འཛིན་ལ་སྙན་སྒྲོན་ཞུས་ཟིན་ཡོད་ཅིང་། དབྱེ་ཞིབ་པ་ཚོས་སྙན་ཐོ་དེར་ཏོག་དབྱིབས་ནད་དུག་དེ་ཐོག་མར་ཝུ་ཧན་ནད་དུག་ཞིབ་འཇུག་ཁང་ནས་ཕྱི་ལ་ཤོར་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རྣམས་དོགས་གཅོད་གཙང་མ་ཞིག་བྱས་ཐུབ་མི་འདུག དེར་བརྟེན་མ་འོངས་པར་གནད་དོན་དེས་མུ་མཐུད་དུ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྤྱི་ལ་ཤུགས་རྐྱེན་ཐེབས་རྒྱུ། ལྷག་པར་དུ་ལོ་འདིར་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པའི་རྣམ་པ་ཞིག་ཐོན་འདུག་ཅེས་བརྗོད་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG