ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་གོ་ལའི་བརྙན་འཕྲིན་རྒྱང་སྲིང་ཁང་ལ་ཉེས་ཆད།


༄༅།། དབྱིན་ཇིའི་བརྙན་འཕྲིན་ལྟ་ཞིབ་དོ་དམ་ཁང་གིས་ཕྱི་ཟླ་༨་པའི་ཚེས་༢༦་སྟེ། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་རྒྱང་སྲིང་ཁང་ལ་དྲང་བདེན་མེད་པ་དང་སྒེར་གྱི་གསང་བའི་གནས་ཚུལ་ལ་སྲུང་སྐྱོབ་བྱེད་དགོས་པའི་ཁྲིམས་ལ་འགལ་འཛོལ་བྱུང་བའི་ནག་ཉེས་ཐོག་ཏུ་དབྱིན་སྒོར་འབུམ་གཉིས་ཀྱི་ཉེས་ཆད་བཅད་ཡོད་ཅིང་། ད་ལོའི་ཕྱི་ཟླ་༣་པའི་ནང་དུ་དབྱིན་གཞུང་གིས་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་རྒྱང་སྲིང་ཁང་གིས་ཕྱིའི་རྒྱལ་ཁབ་ཀྱི་སྡིངས་ཆ་བཀོལ་སྤྱོད་བྱས་ནས་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲིགས་བྱེད་ཀྱི་འདུག ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་དེ་ལ་འགོག་རྒོལ་བྱ་དགོས་ཞེས་བསྒྲགས་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG