ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༠༨/༡༢

ཨུ་རུ་སུའི་སོལ་རླངས་མུ་མཐུད་དུ་ཡུ་རོབ་ལ་འདྲེན་གཏོང་།


༄༅།། ཕུ་ཊིན་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་སོལ་རླངས་ཀྱི་རིན་པ་ཨུ་རུ་སུའི་དངུལ་ལོར་རུ་བྷུལ་སྤྲོད་དགོས། རུ་བྷུལ་མ་སྤྲད་ན་སོལ་རླངས་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་དུས་བཀག་བྱས་ནས་སྡིགས་ར་བསྐུལ་མོད། འོན་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨ་སྒོར་དང་ཡུ་སྒོར་རིན་པོ་སྤྲོད་ཀྱི་ཡིན། སོལ་རླངས་ཀྱི་རིན་པར་ཨུ་རུ་སུའི་དངུལ་ལོར་རུ་བྷུལ་སྤྲོད་ཐབས་མེད་ཅེས་དགག་པ་བརྒྱབ་ཅིང་། ཨུ་རུ་སུའི་སོལ་རླངས་ཀྱི་རིན་པ་སྤྲོད་ཕྱོགས་ཐད་རྩོད་པ་འབྱུང་གི་ཡོད་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་ལ་མུ་མཐུད་དུ་ཨུ་རུ་སུའི་སོལ་རླངས་གཏོང་རྒྱུ་མཚམས་ཆད་མེད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG