ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་ཆེན་དང་སི་རི་ཡ།


འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་ཆེན་དང་སི་རི་ཡ།
༄༅།། ཕྱི་ཟླ་༩་ཚེས་ལྔའི་དགོང་མོར་ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་གྱིས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོ་འགོ་ཁྲིད་ཚོར་གསོལ་སྟོན་བཤམས་ཀྱང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་གསོལ་སྟོན་དེར་དུས་ཡུན་ཆུ་ཚོད་གཅིག་གི་རྗེས་ལུས་ཐེབས་ཡོད་པས། ར་ཤི་ཡ་དང་ཨ་མི་རི་ཀ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའམ། ཡང་ན་སྲིད་འཛིན་ཨོ་བྷ་མ་དང་སྲིད་འཛིན་ཕུ་ཀྲིན་གྱི་སྒེར་གྱི་འབྲེལ་བ་སོགས་ཅི་ཞིག་ཡིན་རུང་། ཝ་ཤིང་ཊོན་དང་མོ་སི་ཁོའི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པའི་རྟགས་མཚན་མངོན་གསལ་ཅན་ཞིག་སླར་ཡང་ཐོན་པ་དང་། ད་ཐེངས་ཀྱི་ཚོགས་འདུའི་སྐབས་སུ་ཐོག་མར་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཚོགས་ཁང་ལ་ཕེབས་ཏེ། ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་གྱིས་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཚོར་ཕེབས་བསུ་ཞུས་པའི་སྐབས་སུ་སྲིད་འཛིན་ཕུ་ཀྲིན་དང་ཨོ་བྷ་གཉིས་ཀྱིས་དུས་ཡུན་སྐར་ཆ་༡༧་ལ་ལག་པ་བཏང་སྟེ། ཁོང་ཚོས་ཕན་ཚུན་འཛུམ་མདངས་བསྟན་ནས་འཚམས་འདྲི་ཚིག་འགའ་ཞིག་བྱས་པ་དང་། གཟའ་ཕུར་བུའི་དགོང་མོར་གསོན་སྐབས་སུ་སྲིད་འཛིན་ཨོ་བྷ་མ་དང་ཕུ་ཀྲིན་གཉིས་ཀྱིས་སི་རི་ཡའི་གནད་དོན་ལ་བཀའ་མོལ་ཐུང་ཙམ་གནང་བ་ལས་ཉི་མ་གཉིས་ཀྱི་ཚོགས་འདུའི་རིང་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་གཉིས་ཀྱིས་ཕན་ཚུན་བཀའ་མོལ་ལྷུག་པོ་ཞིག་གཏན་ནས་གནང་མེད་ཅིང་། ར་ཤི་ཡའི་གཞུང་གིས་སྲིད་འཛིན་ཨོ་བྷ་མ་དང་ཕུ་ཀྲིན་གཉིས་ཚོགས་ཆེན་ཞོར་དུ་ལོགས་སུ་ཐུག་འཕྲད་བྱེད་དགོས་པའི་རེ་བ་བཏོན་རུང་། ཨ་མི་རི་ཀའི་གཞུང་གིས་ར་ཤི་ཡས་སི་རི་ཡར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་ཚེ། ཕྱོགས་གཉིས་ཀྱི་སྲིད་འཛིན་རྣམ་པ་ཐུག་འཕྲད་བྱེད་དགོས་དོན་མི་འདུག་ཅེས་ཐུག་འཕྲད་མ་བྱས་པ་དང་། དེའི་ཚབ་ཏུ་སྲིད་འཛིན་ཨོ་བྷ་མས་ར་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཚོར་ཐུག་འཕྲད་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG