ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༡༡/༢༨

སཱོ་ཆིའི་ཨོ་ལིམ་ཕིཀ་དང་འཇིགས་སྐུལ་པའི་ཉེན་བརྡ།


ཟླ་བ་སྔོན་མར་ར་ཤི་ཡའི་ལྷོ་ཕྱོགས་སུ་མེ་འཁོར་འབབ་ཚུགས་ཤིག་ལ་འབར་མདེལ་གྱིས་གཏོར་རྒོལ་བྱས་ནས་མི་༡༨་བསད་ཅིང་། ད་དུང་འཇིགས་སྐུལ་རིང་ལུགས་པ་ཚོས་སཱོ་ཆིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་ལ་གཏོར་རྒོལ་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་དང་ལྟད་མོ་བ་ཚོར་ཁྲག་གི་ལག་རྟགས་འོས་ཤིང་འཚམས་པ་ཞིག་སྤྲོད་འཆར་ཡོད་ཅེས་སྡིགས་ར་བསྐུལ་ནས་བཟུང་། ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཚོས་སཱོ་ཆིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་སྐབས་སུ་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཡིན་མིན་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བདུན་ཕྲག་གཉིས་ཀྱི་གོང་དུ་འཇིགས་སྐུལ་རིང་ལུགས་པ་གཉིས་ཀྱིས་བརྙན་འཕྲིན་ཐུང་ཐུང་ཞིག་དྲ་ལམ་དུ་འགྲེམ་སྤེལ་བྱས་ཏེ། ཁོ་ཚོས་ཟླ་བ་སྔོན་མའི་མེ་འཁོར་འབབ་ཚུགས་ཀྱི་གཏོར་རྒོལ་དེར་ཇུས་འགོད་བྱས་ཡོད་པ་དང་། སཱོ་ཆིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་སྐབས་སུ་ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་གྱིས་ལྟད་མོར་ལྟོས་ཤིགཅེས་ཉེན་བརྡ་བཏང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG