ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨུ་རུ་སུས་གཏོར་རྒོལ་བྱས་ནས་ཡུཀ་རེན་ལ་གྲོས་མོལ་བྱ་དགོས་ཟེར།


༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་མཐའ་བསྐོར་ཡོད་པར་མ་ཟད། རྒྱལ་སའི་ནང་དུ་དྲག་རྒོལ་བྱེད་བཞིན་པའི་སྐབས་འདིར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་དམར་གསོད་མཚམས་འཇོག་བྱས་ནས་གྲོས་མོལ་བྱ་དགོས་ཞེས་འབོད་སྐུལ་ཞུས། དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཀྱང་ཡུཀ་རེན་ལ་དྲག་རྒོལ་བྱེད་པའི་ཞོར་དུ་ཞི་བའི་གྲོས་མོལ་བྱ་དགོས་ཞེས་གྲོས་མགོ་བཏོན། འོན་ཀྱང་གྲོས་མོལ་བྱ་ཡུལ་ལ་གྲོས་མཐུན་མ་བྱུང་བར་གྲོས་མོལ་བྱེད་ཐུབ་མིན་ངེས་གཏན་མེད་པར་གྱུར། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཕུ་ཊིན་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ལ་ཉེས་ཆད་བཅད་ཡོད་པ་སོགས་འཕྲིན་ལས་ཆོས་སྒྲོན་གྱི་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG