ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རིན་བྷོ་ལགས་ཀྱི་ཟླ་བ་དགུའི་རྐང་འཁོར་བསྐོར་ཀྱི་ལས་འགུལ།


སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས། ཡུ་རོབ་རྒྱལ་ཁབ་བྷེལ་ཇེམ་ནས་བོད་དོན་ཁྱབ་བསྒྲགས་དང་བོད་ནང་གི་བོད་མིའི་དཀའ་སྡུག་འགྲེལ་བརྗོད་བྱ་རྒྱུའི་ཆེད་རྐང་འཁོར་བསྐོར་ཀྱི་ལས་འགུལ་སྤེལ་མཁན་བོད་མི་རིན་བྷོ་ལགས། ཡུ་རོབ་རྒྱལ་ཁབ་༡༣དང་ཨེ་ཤ་ཡའི་རྒྱལ་ཁབ་ལྔ་ཡི་ནང་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བའི་རྗེས། ད་ལྟ་བཞུགས་སྒར་རྡ་རམ་ས་ལའི་ཐག་ཉེར་འབྱོར་ཡོད་པ་རེད། དེ་རིང་རིན་བྷོ་ལགས་ཀྱིས་འདས་པའི་ཟླ་བ་དགུ་ཙམ་གྱི་ནང་དུ་འཛམ་གླིང་ཤར་ནུབ་གང་སར་ལས་འགུལ་སྤེལ་བའི་གྲུབ་འབྲས་དང་ལམ་བར་གྱི་དཀའ་སྡུག དེ་བཞིན་ལས་འགུལ་མཇུག་བསྡུའི་འཆར་གཞི་སོགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་གླེང་མོལ་བྱེད་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG