ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གསར་འགོད་རང་དབང་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ།


༄༅།། འདས་པའི་ལོ་བཞིའི་རིང་ལ་ཨ་མི་རི་ཀའི་སྲིད་འཛིན་དང་གསར་འགྱུར་ལས་ཁང་ཕལ་ཆེ་བ་དགྲ་ཁ་གཏད་དུ་གྱུར་ཡོད་ཅིང་། ད་ལྟ་ཨ་རིའི་གསར་འགྱུར་ལས་ཁང་ཁག་དང་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ། སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱིས་གསར་འགོད་རང་དབང་གི་རྩ་དོན་ལ་སྲུང་སྐྱོབ་བྱ་དགོས་ཞེས་ནན་སྐུལ་ཞུས་འདུག སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་རིའི་གཞུང་དང་གསར་འགོད་པ་ཚོས་དགྲ་ཁ་གཏད་དུ་གྱུར་པའི་ཁོར་ཡུག་ཅིག་ཏུ་ལས་དོན་བསྒྲུབས་དགོས་བྱུང་ཡོད་པར་མ་ཟད། མི་དམངས་ངོ་རྒོལ་བྱེད་མཁན་ཚོར་གཞུང་གི་སྲིད་ཇུས་ལག་བསྟར་པ་ཚོས་དྲག་གནོན་ཚབས་ཆེན་བྱས་པ། ལྷག་པར་དུ་མི་དམངས་ལ་བཙན་གནོན་བྱས་པ་དེར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ཐད་ཀར་ཐེ་གཏོགས་ཡོད་པ། ཁོང་གིས་ཡ་ང་སྙིང་རྗེ་མེད་པར་ངོ་རྒོལ་བ་ཚོར་རྡུང་རྡེག་གཏོང་དུ་བཅུག་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG