ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་མཐུན་ཚོགས་པའི་ཨ་རིའི་སྲིད་འཛིན་འོས་དམིགས་མཐོན་བཞིན་ཡོད་པ།


སྤྱི་མཐུན་ཚོགས་པའི་ཨ་རིའི་སྲིད་འཛིན་འོས་དམིགས་མཐོན་བཞིན་ཡོད་པ།

ལོ་རྗེས་མ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་འོས་བསྡུའི་སྐབས་སྲིད་འཛིན་བྷ་རག་ཨོ་བྷ་མར་ཁ་གཏད་འགྲན་རྩོད་གནང་རྒྱུའི་རེ་བ་གནང་མཁན་ སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་ཀྱི་འགྲན་རྩོད་པ་ཚོར་ འདས་པའི་གཟའ་འཁོར་དེ་ཟིང་ཆའི་དུས་ཚོད་ཅིག་བྱུང་ཡོད་པ་དང་ སྤྱི་མཐུན་ཚོགས་པའི་ཡོངས་གྲགས་མི་སྣ་གཉིས་སྟེ་ མངའ་སྡེ་ཨར་ཀན་སས་ཀྱི་སྲིད་སྐྱོང་བ་ཟུར་པ་མཡིག་ཧ་ཀ་བི་དང་གྲོང་ཁྱེར་ནིའུ་ཡོག་གྱི་ཚོང་པ་གྲོ་ནལགྲ་ཀྲརམ་ནས་སྲིད་འཛིན་འོས་དམིགས་སུ་བཞེངས་རྒྱུ་མིན་པ་འདས་པའི་ཉིན་ཤས་ཀྱི་ནངཐག་གཅོད་གནང་བ་ལ་བརྟེན་ནས་ ཕྱི་ལོ་༢༠༡༢ནང་སྤྱི་མཐུན་ཚོགས་པའི་ཕྱོགས་ནས་ཨ་རིའིོ་སྲིད་འཛིན་འོས་དམིགས་ལ་སུ་ཞིག་ཡོང་རྒྱུ་ཡིན་མིན་གྱི་དྲི་བ་ཆེན་པོ་ཞིགཡོང་གི་ཡོད་པ་སོགས་ འདི་ག་ཝི་ཨོ་ཨེ་རིའ་རླུང་འཕྲིན་ཁང་གི་གསར་འགོད་པ་ཇིམ་མེ་ལོ་ནི་གྱིས་སྤེལ་བས་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG