༄༅།། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་སྔ་ལོ་ཨ་རིའི་ཉེན་རྟོག་པའི་ལག་འོག་ཏུ་མི་རིགས་ནག་པོ་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་རྐྱེན་ལམ་དུ་སོང་ཤིང་། རྒྱལ་སྤྱིའི་ཐོག་ཏུ་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་གི་སྤྱོད་པ་རྣམས་འགོག་དགོས། ལྷག་པར་དུ་ཨ་ཧྥི་རི་ཀའི་མི་རིགས་ལ་འཆར་གཞི་ལྡན་པའི་སྒོ་ནས་གདུག་རྩུབ་དང་མནར་གཅོད་འཕོག་གི་ཡོད་པའི་དོན་དངོས་ཁག་ལ་ངོས་ལེན་གྱིས་སྐྱོན་སེལ་ལེགས་བཅོས་བྱ་དགོས་པའི་ནན་སྐུལ་ཞུས་འདུག་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།