ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་དོན་ཞུ་སྐུལ་ལ་དཔྱད་པ།


ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༡༩་དང་༢༠་སོ་སོར་འདི་ག་ཨ་རིིིའི་རྒྱལ་སར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་དོན་ཞུ་སྐུལ་བྱས་པའི་ལས་འགུལ་ཞིག་སྤེལ་པ་དེར་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་བརྒྱ་དང་ལྔ་བཅུ་ཙམ་མཉམ་ཞུགས་བྱས་ཤིང་། གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་ལས་འགུལ་གོ་སྒྲིག་བྱེད་རོགས་མཐོ་རིམ་སློབ་གྲྭ་བ་ཀརྨ་རྣམ་རྒྱལ་དང་ལས་འགུལ་དེའི་འགོ་ཁྲིད་དང་མཉམ་ཞུགས་བྱེད་མཁན་བསྟན་འཛིན་རྡོ་རྗེ་གཉིས་ལ་ཨ་རིའི་གྲོས་ཚོགས་སུ་ཞུ་སྐུལ་བྱེད་བའི་རྒྱུད་རིམ་དང་དམིགས་ཚད་བཅས་ལ་གཏམ་གླེང་དང་བསམ་ཚུལ་གླེང་བ་དེར་གསན་རོགས་གནང།

XS
SM
MD
LG