ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཅང་ཅེ་ཧྲིའི་འདྲ་སྐུ་ཕྱིར་བསྡུ་བྱ་རྒྱུའི་གྲོས་གཞི་དང་དེའི་རྩོད་གླེང་།


༄༅།། ཐེ་ཝན་གྱི་ཁྲིམས་འཛིན་ཞིབ་འཇུག་ལྷན་ཁང་གིས་ཅང་ཅེ་ཧྲིའི་རྗེས་དྲན་ཁང་དུ་བཤམས་ཡོད་པའི་འདྲ་སྐུ་དེ་ཕྱིར་བསྡུ་བྱ་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་པར་ཐེ་ཝན་གྱི་སྤྱི་ཚོགས་སུ་གླེང་སློང་སྣ་ཚོགས་འབྱུང་གི་ཡོད་ཅིང་། ཅང་ཅེ་ཧྲིས་༡༩༤༩་ནས་༡༩༧༥་བར་དུ་ཐེ་ཝན་ལ་དབང་སྒྱུར་བྱས་ནས་སྲིད་དབང་བཟུང་། ༢༠༡༨་ལོའི་ཕྱི་ཟླ་༥་པའི་ཚེས་༣༡་ཉིན་ཐེ་ཝན་གཞུང་གིས་ཁྲིམས་འཛིན་ཞིབ་འཇུག་ལྷན་ཁང་བཙུགས་ཏེ་བློན་ཆེན་ལྷན་ཁང་རིམ་པའི་གོ་གནས་སྤྲད། ཐེ་ཝན་གྱི་ཁྲིམས་འཛིན་ཞིབ་འཇུག་ལྷན་ཁང་གིས་༡༩༤༥་ལོའི་ཕྱི་ཟླ་༨་པའི་ཚེས་༡༤་ནས་༡༩༩༢་ལོའི་ཕྱི་ཟླ་༡༡་པའི་ཚེས་༦་བར་དུ་གོ་མིན་ཏང་གིས་ཐེ་ཝན་ལ་ལག་ལེན་བསྟར་པའི་སྲིད་ཇུས་ལ་ཞིབ་འཇུག་དང་སྲིད་དབང་སྒེར་གཅོད་ཀྱི་མཚོན་རྟགས་རྣམས་མེད་པར་གཏོང་རྒྱུ། གོ་མིན་ཏང་གི་དུས་སྐབས་ཀྱི་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཚགས་རྣམས་གསང་རྒྱ་གྲོལ་རྒྱུ། ཅང་ཅེ་ཧྲིའི་དབང་སྒྱུར་འོག་ཏུ་ཐེ་ཝན་ལ་ཁྲིམས་འཛིན་དྲང་སྙོམས་བྱུང་མེད་པ་བཅས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཀོན་མཆོག་དོན་གྲུབ་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་རྒྱུ་རེད།།


XS
SM
MD
LG