བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དེ་རིང་ནས་ཉིན་གྲངས་གསུམ་རིང་ལ་ཀོ་རི་ཡའི་དད་ལྡན་པ་གཙོ་བོར་གྱུར་པའི་ཕྱི་ནང་རྒྱལ་ཁབ་༦༤་ནས་ཕེབས་པའི་ཆོས་ཞུ་བ་བདུན་སྟོང་ཙམ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་བར་པའི་སྐབས་སུ་བསྩལ་བའི་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།