ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

བལ་བོད་ཚོང་ལམ་སྒོ་འཕྱེས་བའི་རྗེས་དབྱར་རྩ་དགུན་འབུ་དང་སྨན་རྩའི་རིན་གོང་འཕར། 


འདས་བའི་ལོ་ཤས་རིང་ཏོག་དབྱིབས་ནད་ཡུམ་གྱི་རྐྱེན་པས་བལ་བོད་གཉིས་བར་ས་འཚམས་ཕལ་ཆེ་བ་སྒོ་བརྒྱབ་དེ་ཚོང་འབྲེལ་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པ་དང་དམིག་གསལ་ད་ལོར་ལྟ་བུ་ལ་མཚོན་ན་བལ་ཡུལ་ས་ཐོག་ནས་སྐྱེས་བའི་དབྱར་རྩ་དགུན་འབུའི་རིན་གོང་དེ་སྔ་ལ་བལ་སྒོར་འབུམ་གཅིག་ལྷག་འཕར་ཡོད་པའི་སྐོར་ལ་ཡུལ་མི་ཚོང་བ་རྒྱལ་མཚན་ཤར་བྷ་ལགས་ཀྱི་གསུང་དོན་ལྟར་ན་དེ་སྔ་ཡིན་ན་བལ་ཡུལ་ནས་སྐྱེས་བའི་དབྱར་རྩ་དགུན་འབུའི་རིན་གོང་དེ་སྤྱི་རྒྱ་གཅིག་ལ་བལ་སྒོར་འབུམ་༡༧་ནས་༢༠་བར་ཡིན་པ་དང་ད་ལོར་དབྱར་རྩ་དགུན་འབུ་སྤྱི་རྒྱ་གཅིག་ལ་བལ་སྒོར་འབུམ་༢༨་ནས་༣༥་བར་སྟེར་གྱིན་འདུག།དེ་ཡང་གཙོ་བོ་ཉོ་མཁན་ཚང་མ་རྒྱ་རིགས་ཚོང་བ་ཚོ་རེད།ད་ལོ་དེ་འདྲའི་གོང་ཚད་འཕར་དགོས་དོན་ཡང་གཅིག་ནས་ད་ལོར་བོད་ནང་དུ་འང་དབྱར་རྩ་དགུན་འབུའི་གོང་ཚད་འཚར་ཡོད་པ་དང་གཉིས་ནས་འདས་བའི་ལོ་ཤས་རིང་ལ་བལ་བོད་གཉིས་ས་འཚམས་སྒོ་བརྒྱབ་པ་ལ་བརྟེན་ནས་ཚོང་ལས་འཚམས་བཞག་ཡོད་པས་བལ་ཡུལ་ཡུལ་མི་དབྱར་རྩ་དགུན་འབུ་འཐུ་མཁན་ཡང་ཉུང་དུ་སོང་ཡོད་པ་རེད།ད་འཆར་བལ་བོད་གཉིས་བར་གྱི་ས་འཚམས་འགྲམ་དང་སྐྱིད་རོང་།

དམིག་གསལ་ཟླ་བ་འདིས་ཕྱི་ཚེས་༡༩་ཉིན་བོད་ནང་གི་གཞིས་ཀ་རྩེ་གྲོང་ཁྱེར་འབྲོང་པ་རྫོང་སུ་གནས་བའི་ལེགས་རྩེ་འགག་སྒོ་ཟེར་བ་ཞིག་རྒྱ་ནག་གི་སྒོ་ཕྱེ་དེ་མ་འོངས་བར་རྒྱ་ནག་དང་བལ་ཡུལ་བར་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་ཡིན་ལུགས་སྒྲགས་ཡོད་པ་སོགས་ཀྱི་རྐྱེན་པས་བལ་ཡུལ་ནང་གི་སྨན་རྩའི་རིགས་རྒྱ་ནག་ནང་ཚོང་འབྲེལ་བྱེད་རྒྱུར་སྟབས་བདེ་དང་གོང་ཚད་འཕར་བ་རེད་ཅེས་བརྗོད་སོང་།དེ་དང་ཆབ་ཅིག་དུས་རྒྱུན་བལ་བོད་གཉིས་བར་སྨན་རྩའི་རིགས་ཀྱི་ཚོང་ལས་གཉེར་མཁན་བོད་རིགས་ཚོང་བ་ཞིག་ལ་བཅར་འདྲི་ཞུས་བར་བརྗོད་དོན་ལྟར་ན་སྦྱིར་ན་བལ་ཡུལ་གྱི་མཐའ་འཚམས་ཁག་དུ་དབྱར་རྩ་དགུན་འབུ་སྐྱེས་ས་མང་པོ་ཞིག་ཡོད་པ་རེད་ལ་དབྱར་རྩ་དགུན་འབུ་ཆེ་ཆུང་དང་གོང་ཚད་ཡང་མ་འདྲ་བ་རེ་ཡོད་པ་རེད།ཡིན་ནའང་ད་ལོར་ཕྱོགས་ཡོང་ནས་དབྱར་རྩ་དགུན་འབུ་རིན་གོང་ཧ་ཅང་འཕར་འདུག།དེར་མ་ཟད་ད་དུང་སྨན་རྩའི་རིགས་ཀྱང་མང་པོ་ཞིག་གོང་ཚད་འཕར་འདུག།དབེར་ན།རྒྱ་སྐད་དུ་པེ་མོ་ཟེར་ཞིང་བོད་སྐད་དུ་ཨ་བི་ཥ་ཟེར་བ་དེ་དེ་སྔ་ཡིན་ན་སྤྱི་རྒྱ་གང་ལ་བལ་སྒོར་ཁྲི་གཉིས་ཡས་མས་རེད་ད་ལོར་བལ་སྒོར་ཁྲི་བཞི་ལྷག་རེད་འདུག།གཞན་བོད་སྐད་དུ་ཀོ་ཤྭ་དང་ཁུ་བྱུག་གྲོད་པུ་སོགས་མདོར་ན་བལ་ཡུལ་ནས་སྐྱེས་བའི་སྨན་རྩིའི་རིགས་ཚང་མ་ད་ལོར་གོང་ཚད་འཕར་ཡོད་པ་རེད་ལ་ཚོང་བསྒྱུར་བྱེད་སའང་གཙོ་བོ་བོད་དང་རྒྱ་ནག་ནང་ཡིན་པ་དང་། བལ་ཡུལ་གྱི་འོམ་ལ་དང་བཙུམ། སྐྱིད་རོང་། ནུབ་རི་དང་མུག་གུམ་སོགས་ཕྱོགས་མང་པོ་ཞིག་ནས་ཕྱིར་འཚོང་བྱེད་ཐུབ་གི་ཡོད་པ་རེད།རྒྱ་གར་ནས་སྐྱེས་བའི་སྨན་རྩིའི་རིགས་ཀྱང་ས་འཚམས་དེ་དག་བརྒྱུད་ནས་བོད་ནང་ལ་གཏོང་གི་ཡོད་པ་རེད།

ཡིན་ནའང་འདས་བའི་ལོ་ཤས་རིང་ལ་ཏོག་ནད་ཀྱི་རྐྱེན་པས་ཚོང་འབྲེལ་ལ་དཀའ་ངལ་འཕྲད་པ་རེད་མོད་ད་ལྟ་ནས་དཀའ་ངལ་དེ་དག་ཡོད་པ་མ་རེད།བོད་དང་བལ་ཡུལ་རྒྱ་གར་བཅས་ཀྱི་ས་འཚམས་ནི་གངས་རི་དང་འབྲེལ་ཡོད་པས་ན་ས་བབས་མཐོ་ས་ནས་སྐྱེས་བའི་སྨན་རྩའི་རིགས་དེ་ནི་ཧ་ཅང་དཀོན་པོ་ཡིན་པ་དང་ལྷག་པར་དུ་ཕན་ནུས་ལ་ཁྱད་པར་ཆེན་པོ་ཡོད་པས་ན་མ་འོངས་བར་སྨན་རྩིའི་རིགས་གོང་ཚད་ད་དུང་ཡར་འཕར་སྲིད་པ་རེད་ཅེས་སོགས་བརྗོད་སོང་།

XS
SM
MD
LG