ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མ་སུ་རི་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་༥༠འཁོར་བའི་དུས་དྲན་སྐོར།


ཕྱི་ལོ་༡༩༥༩ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཡུལ་ཡོངས་རྫོགས་དབང་བསྒྱུར་བྱས་པའི་རྐྱེན་གྱིས་ བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་སྟོང་ཚོ་མང་པོ་རྒྱ་གར་ནང་སྐྱབས་བྱོལ་དུ་འབྱོར་བའི་རྗེས། ༧གོང་ས་མཆོག་གིས་་བོད་མིའི་མཐུན་མོངས་མ་ཡིན་པའི་རིག་གཞུང་དང་གོམ་གཤིས་ཁག་མི་ཉམས་རྒྱུན་འཛིན་ཐུབ་ཐབས་དང་།

བོད་པའི་གཞོན་སྐྱེས་ཚོར་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་དགོངས་བཞེས་རླབས་ཆེན་གནང་སྡེ་་བོད་ཕྲུག་ཚོར་ཐོག་མར་སློབ་གྲྭ་དང་ཁྱིམ་ཚང་སོགས་བཙུགས་གནང་མཛད་པའི་གྲས་ནས་་ད་ཆ་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་འདི་བཙུགས་ནས་མི་ལོ་༥༠ འཁོར་གྱི་ཡོད་པ་རེད།

དྲན་གསོའི་དགའ་སྟོན་བྱ་རྒྱུའི་དུས་འདིར་ མ་སུ་རི་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་་དུས་དྲན་གྱི་གྲ་སྒྲིག་གནང་ཕྱོགས་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཐད། འདི་གའི་ལས་བྱེད་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་མ་སུ་རི་བུ་ཁྱིམ་གྱི་དྲུང་ཆེའི་ཕྱག་རོགས་་དགེ་འདུན་རིང་ཆེན་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG