ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱིས་རྒྱ་ནག་གི་འགོག་ཁབ་ལེན་དགོས་ཞེས་གནོན་ཤུགས་ཐེབས་པ།


༄༅།། ཉེ་ཆར་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་༣༠༠༠་ལྷག་བརྒལ་བའི་ཛ་དྲག་གི་གནས་ཚུལ་བྱུང་བའི་དུས་སུ་རྒྱ་ནག་གིས་ཐེ་ཝན་གཞུང་ལ་འགོག་ཁབ་སྤྲོད་དགོས། ཐེ་ཝན་གྱིས་ངེས་པར་དུ་རྒྱ་ནག་གི་འགོག་ཁབ་ལེན་དགོས་ཞེས་གནོན་ཤུགས་སྤྲོད་འགོ་ཚུགས། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཆུང་ཁག་རྣམས་ལའང་རྒྱ་ནག་གིས་གནོན་ཤུགས་སྤྲད་ནས་རྒྱལ་ཁབ་དེ་དག་གིས་མུ་མཐུད་དུ་ཐེ་ཝན་ལ་ཕྱི་འབྲེལ་རྒྱུན་འཁྱངས་བྱེད་ཚེ། ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་དེ་ཚོར་རྒྱ་ནག་གི་སྨན་ཁབ་སྤྲོད་རྒྱུ་མིན་ཞེས་བསྒྲགས། གཟའ་འཁོར་འདིར་འཚོགས་ཀྱི་ཡོད་པའི་སྐབས་༧༤་པའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་ལའང་ཐེ་ཝན་གདན་འདྲེན་ཞུ་རུ་བཅུག་མེད་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG